ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆེས་ཐོག་མའི་བོད་སྤྱི་སྐད་མཐུན་ཚོགས་དབུ་བརྙེས་པ།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆེས་ཐོག་མའི་བོད་སྤྱི་སྐད་མཐུན་ཚོགས་དབུ་བརྙེས་པ།
རྩོམ་པ་པོ།:དཔལ་ཆེན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2010-12-13 09:57:00
ཀློག་གྲངས།:
ཟླ12པའི་ཚེས9ཉིན། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་ལོ་རྒྱུས་སྟེང་ཆེས་ཐོག་མའི་བོད་སྤྱི་སྐད་མཐུན་ཚོགས་དབུ་བརྙེས་ཤིང་། ལྷན་ཚོགས་འདི་ནི་བོད་མདོ་དབུས་ཁམས་གསུམ་ཡོངས་ཀྱིས་བཀོལ་ཆོག་པའི་སྤྱི་སྐད་ཅིག་ཆགས་ཐུབ་སྨོན་དུ་དམིགས་ནས་གསར་དུ་བཙུགས་པ་ཞིག་ཡིན་ལ། གྲོས་འགོ་འདོན་མཁན་ནི་སློབ་གྲོགས་ཕག་མོ་རྡོ་རྗེ་སོགས་འགན་འཁུར་འདུ་ཤེས་དྲག་པའི་སློབ་མ་ཁག་ཅིག་ཡིན། ཁོ་ཚོས་མཐུན་ཚོགས་འདི་འཛུགས་ཆེད་རེ་འདུན་ཞུ་ཡིག་སོགས་བྲིས་ཏེ་འགྲོ་ལུགས་ཡོད་ཚད་བརྒྱུད་ནས་སློབ་གྲྭའི་སློབ་གཙོ་སོགས་གོང་རིམ་འགོ་ཁྲིད་པར་ཕུལ་ཞིང་།འགོ་ཁྲིད་རྣམ་པས་ཀྱང་ཞིབ་དཔྱད་དང་གྲོས་བསྡུར་བྱས་པའི་མཐར་ཆོག་མཆན་གྱི་བཀའ་དཀའ་ངལ་མེད་པར་གནང་།
མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣའི་འཆར་གཞི་ལྟར་ན་ཚེས9དང་ཚེས10སྟེ། ཉིན་འདི་གཉིས་བདེ་སྤྱད་དེ་སློབ་གྲྭ་སྤྱི་ལ་ཁ་ཕྱོགས་ནས་ཚོགས་མི་བསྡུ་རྒྱུ་བྱེད་རྩིས་ཡོད་ལ།མིག་སྔར་གྱི་གནས་ཚུལ་ལྟར་ན།གསར་དུ་བཙུགས་པའི་མཐུན་ཚོགས་འདི་ལ་དགེ་སློབ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད།དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་ཡང་མི་ཉུང་བ་ཞིག་བྱུང་།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།