བདུད་ལྷ་རྒྱལ་ལགས་ཀྱིས་བོད་ཀྱི་སྙན་ངག་གསར་བའི་སྐོར་གྱི་འཆད་ཁྲིད་གནང་བ།

རྩོམ་པ་པོ།:བན་དེ་འཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-09 10:20:00 ཀློག་གྲངས།:


 བདུད་ལྷ་རྒྱལ་ལགས་ཀྱིས་བོད་ཀྱི་སྙན་ངག་གསར་བའི་སྐོར་གྱི་འཆད་ཁྲིད་གནང་བཞིན་པ།

           2010ལོའི་ཟླ12བའི་ཚེས8ཉིན་གྱི་མཚན་མོའི་ཆུ་ཚོད7གྱི་སྟེང་།   ནུབ་བྱང་མི་རིགས་སློབ་ཆེན་གྱི་རིགས་གཞུང་སྙན་ཞུ་ཁང་ནས་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་བདུད་ལྷ་རྒྱལ་ལགས་ཀྱིས་ལོ་རྒྱུས་ཀྱི་མིག་དབང་གསར་བ་ཞེས་པའི་རིགས་གཞུང་འཆད་ཁྲིད་སྤེལ་ཞིང་།  འབུམ་རམས་པ་དང་ཞིབ་མཇུག་སློབ་མ།  དངོས་གཞི་སློབ་མ།  ཆེད་སྦྱོང་འཛིན་གྲྭའི་སློབ་མ800ལྷག་ཐེངས་འདིའི་འཆད་ཁྲིད་ལ་ཞུགས་པ་རེད། 
           འཆད་ཁྲིད་ཀྱི་ནང་དོན་ལ་གཙོ་བོ་ཕྱོགས་གཉིས་ནས་གླེང་བ་ཡིན་ཏེ།  རང་མོས་སྙན་ངག་ཞེས་པའི་མིང་འབོད་སྟངས་དེ་རྩོམ་རིག་གསར་བར་བསྒྱུར་ན་འོས་ཚུལ་དང་།  དེ་བོད་ལ་ཇི་ལྟར་དར་འགོ་བརྩམས་པ།  དེ་དང་སྲོལ་རྒྱུན་རིག་གནས་བར་གྱི་འབྲེལ་བ་དང་ཁྱད་པར་བརྗོད་པ།         རྩོམ་རིག་གསར་བ་བོད་ལ་དར་བའི་ལོ་རྒྱུས་རྒྱབ་ལྗོངས་དང་དེ་དར་བའི་དགེ་མཚན་སོགས་ཞིབ་ཏུ་གླེང་བ་རེད།
           ཐེངས་འདིའི་འཆད་ཁྲིད་ལེགས་འགྲུབ་བྱུང་ལ། སློབ་མ་རྣམས་ལ་སྔར་མེད་ཀྱི་སེམས་བསྐྱེད་ཀྱང་ཐེབས་པ་རེད། དེ་བས་འཆད་ཁྲིད་ལ་ཞུགས་མཁན་ཚོའི་དགེ་སློབ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།