སྐབས་དང་པོའི་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་རང་གྲོལ་གླེང་སྟེགས།
ཚོགས་ཞུགས་མི་སྣ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་གཅོད་པ་ཀླུ་རྒྱལ་དང་།དཔལ་དོན་གྲུབ་རྒྱལ་གྱི་སྤུན་ཡ་བློ་བཟང་ཆོས་རྒྱལ་ལམ་མིང་གཞན་དགུ་རོང་སྤུན་གྲོལ་དུ་འབོད་པ།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་བདུད་ལྷ་རྒྱལ་དང་དཔའ་རྩེ།འབའ་སྟོད་པད་མ་དབང་རྒྱལ།ནུབ་བྱང་ཚང་གི་གསར་བུ་སྙིང་སྟོབས་ཅན་སྐོར་ཞིག་དང་།གཞན་ཡང་བོད་རིག་པའི་སློབ་གླིང་གི་སློབ་མ་སྐར་ཚོགས་ཀྱི་གྲངས་ལ་འགྲན་པ་མང་པོས་ཚོགས་ར་ཡོངས་སུ་འགེངས་པར་བྱས་ཡོད།
ཚོགས་འདུའི་བརྒྱུད་རིམ་མདོར་བསྡུས།
2010ལོའི་ཟླ11ཚེས30ཉིན་གྱི་དགོང་མོའི་ཆུ་ཚོད7གྱི་སྟེང་། ཐོག་མར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་དཔའ་རྩེ་ལགས་ཀྱིས་སྐབས་དང་པོའི་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་རང་གྲོལ་གླེང་སྟེགས་དངོས་སུ་ཚོགས་འགོ་རྩོམ་པའི་གཏམ་བཤད་གནང་ཞིང་།དེ་ནས་དཔལ་དོན་གྲུབ་རྒྱལ་ཁོང་ཉིད་ཀྱི་སྤུན་ཡ་དགུ་རོང་སྤུན་གྲོལ་ལགས་ཀྱིས་འདུ་ཚོགས་འདི་ལྟ་བུ་ཞིག་བསྡུ་པའི་དམིགས་ཡུལ་དང་དོན་སྙིང་སོགས་ཀྱི་ཐད་ནས་གཏམ་བཤད་ཉུང་བསྡུས་ཤིག་དང་མཉམ་དུ་ནུབ་བྱང་ཚང་གི་གསར་བུ་སྙིང་སྟོབས་ཅན་སྐོར་ཞིག་ནས་རང་རང་སེམས་ནང་གི་དོན་གྲུབ་རྒྱལ་དེ་མི་བུ་ཇི་ལྟ་བུ་ཞིག་ཡིན་པ་སོགས་ཀྱི་ངོས་ཐད་ནས་རང་རང་གི་བསམ་ཚུལ་དང་ལྟ་ཚུལ་ཁ་ཞེ་གཉིས་མེད་ཀྱིས་ལྷུག་བརྗོད་གནང་ཞིང་།ནང་སྒོས་ཁ་བ་སྙིང་ལྕགས་ཟེར་བའི་གསར་བུ་སྙུང་བུ་འདྲ་བ་ཞིག་གི་སྨྲ་ལྕེ་རྒོད་པོ་དང་སེམས་འདུན་དྲོན་མོའི་ཐུ་འོག་གི་གྱེར་མ་བཤད་ཀྱི་སྙན་ཚིག་དེས་ང་ཚོའི་གླེང་སྟེགས་ལ་སྔར་མེད་པའི་བྲོ་བ་གཞན་ཞིག་སྦྱིན་སོང་།དེ་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་གཅོད་པ་ཀླུ་རྒྱལ་ལམ་མིང་གཞན་མེ་ལྕེ་རུ་འབོད་པས་རང་གྲོལ་དང་མི་རིགས་རིང་ལུགས།ཤེས་ཡོན་ཅན་དང་མི་རིགས་རིང་ལུགས།དེ་ནས་འཕྲོས་དོན་ཞིག་དང་བཅས་དོན་ཚན་གསུམ་གྱི་སྒོ་ནས་གཏམ་ཁ་གསལ་ཞིང་དོན་བསྡུས་བ།གནད་དུ་ཐིངས་པ་ཞིག་བཤད་སངོ་བ་མ་ཟད་ད་དུང་འཕྲོས་དོན་གྱི་ཐད་ནས་ང་ཚོར་ལྷག་ཏུ་འདང་རྒྱག་དང་སེམས་ཁྲལ་མང་པོ་ཞིག་སྟེར་སོང་།དེ་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་འབའ་སྟོད་པད་མ་དབང་རྒྱལ་གྱིས་ཁོང་གི་སློབ་མ་ཞིག་གི་ངོས་ནས་གཏམ་བཤད་པ།བར་སྐབས་རེ་ན་བཅར་འདྲིའི་གོ་རིམ་ཞིག་ཀྱང་ཡོད།མཇུག་ཏུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་བདུད་ལྷ་རྒྱལ་ལགས་ཀྱིས་རང་གྲོལ་ཞིབ་འཇུག་གི་གོ་རིམ་ཁྲོད་ནས་འཚོ་བའི་ཁྲོད་ཀྱི་དོན་གྲུབ་རྒྱལ་རྙེད་དགོས་པའི་རེ་བ་ཞིག་དང་དོན་གྲུབ་རྒྱལ་ལ་བོད་མི་དམངས་ཀྱི་དགོས་མཁོ་སྐོང་ཐུབ་པའི་འཇོན་ཐང་དང་ནུས་པ་བླ་ན་མེད་པ་ཞིག་ཡོད་པའི་ཆ་ནས་ཁ་གསབ་ཅིག་ཅེས་དོན་ཚན་གཉིས་ཀྱི་སྒོ་ནས་སྐབས་དང་པོའི་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་རང་གྲོལ་གླེང་སྟེགས་དེ་དེ་ལྟར་མི་བུ་ཁོང་ཉིད་བཞིན་སྒེར་ཚུགས་སུ་འགྲེང་ཕོད་ཅིང་དཀའ་ངལ་ལ་གདོང་གཏད་ཐུབ་པའི་ངོས་ནས་མཇུག་བསྡུས་སོང་།མི་བུ་ཁོང་ཉིད་བཞིན་གཞན་ལ་མགོ་མི་སྒུར་བའི་སྙིང་སྟོབས་དང་དཔའ་གདེང་ཞིག་གི་ངོས་ནས་མཇུག་བསྡུས་སོང་།མི་བུ་ཁོང་ཉིད་བཞིན་སྨྲ་ཕོད་པ་དང་བསམ་ཕོད་པ།སྒྲུབ་ཕོད་པ་ཞིག་གི་ངོས་ཐད་ནས་མཇུག་བསྡུས་སོང་།མི་བུ་ཁོང་ཉིད་སླར་ཡང་སླེབས་སོ་ཅོག་གི་འདོད་བློ་སྐོང་ཐུབ་པ་ཞིག་གི་ངོས་ཐད་ནས་མཇུག་བསྡུས་སོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com