བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་རིག་གནས་སྒྱུ་རྩལ་དུས་ཆེན་མཇུག་འགྲིལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། དུས་ཚོད།:2010-11-29 11:36:00 ཀློག་གྲངས།:
  ཚེས་༢༦ ཉིན། བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་མཇུག་འགྲིལ་བ་རེད། ཚོགས་ཆེན་སྟེང་དུ་གཙོ་སྒྲུབ་ལས་ཁུངས་ཀྱིས་བྱ་དགའ་ཐོབ་པའི་མི་སྒེར་དང་ཚོགས་པ་ལ་གཟེངས་བསྟོད་མཛད་པ་མ་ཟད། བྱ་འགུལ་གྱི་གྲུབ་འབྲས་ཀུན་ལ་བསྟན་པ་རེད། གུང་གཞོན་ཚོགས་པའི་ལྗོངས་ཨུ་ཧྲུའུ་ཅི་ཁྲེང་སི་ཆུས་ཀྱིས་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཞུག་མ་སྒྲུབ་མཁན་བོད་ལྗོངས་མི་རིགས་སློབ་གླིང་ལ་དར་ཆ་སྤྲད།
  ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་སློབ་གྲྭ་ཆེན་མོའི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་རྣམ་པ་མང་ཞིང་། ནང་དོན་ཕུན་སུམ་ཚོགས་པ་འདུག ཟླ་ཕྱེད་ཀྱི་དུས་ཡུན་ནང་། དམངས་གླུ་འགྲན་བསྡུར་དང་། རྩོད་གླེང་འགྲན་བསྡུར། གཏམ་བཤད་འགྲན་བསྡུར། བོད་ཡིག་ཡིག་གཟིགས་འགྲན་བསྡུར། གཞན་ད་དུང་ཞབས་བྲོ་འགྲན་བསྡུར། སྙན་ངག་གསར་རྩོམ་འགྲན་བསྡུར་སོགས་འགྲན་བསྡུར་བྱ་འགུལ་༡༧ སྤེལ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།