CCTV4《རྒྱལ་ཡོངས་ལ་བསྐྱོད་པ་ལས་མཚོ་ལྷོ་ཁུལ་ལ་སླེབས་པ》ཞེས་པའི་ལེ་ཚན།

རྩོམ་པ་པོ།:ལྷ་སྐྱིད་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-11-10 09:37:00 ཀློག་གྲངས།:


འཁྲབ་ཁྲིད་པ་མོའོ་ཅོ་ལ་བཅར་འདྲི་བྱེད་བཞིན་པ།

          ཟླ10བའི་ཚེས20ཉིན་གྱི་སྔ་དྲོ།  ཀྲུང་དབྱང་བརྙན་འཕྲིན་ཁངCCTV4《རྒྱལ་ཡོངས་ལ་བསྐྱོད་པ་ལས་མཚོ་ལྷོ་ཁུལ་ལ་སླེབས་པ》ཞེས་པའི་ལེ་ཚན་ཁག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ་ཞིང་།   《རྒྱལ་ཡོངས་ལ་བསྐྱོད་པ》ཞེས་པའི་ལེ་ཚན་སྤྱིའི་འཁྲབ་ཁྲིད་པ་མོའོ་ཅོ་དང་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ཨུ་ཡོན་བརྒྱུད་བསྒྲགས་ལྟེ་གནས་ཀྱི་འགོ་གཙོ་ཆིའི་གོན་ཧེའེ་ལ་ཞིང་ཆེན་རིམ་པ་དང་མཚོ་ལྷོ་ཁུལ་གྱི་ཆ་འཕྲིན་ལས་རིགས་སོ་སོའི་བཅར་འདྲི་གནང་། 
        འཁྲབ་ཁྲིད་པ་མོའོ་ཅོ་ཡིས་བཤད་རྒྱུར།  ཐེངས་འདིར་ཀྲུང་དབྱང་བརྙན་འཕྲིན་ཁངCCTV4《རྒྱལ་ཡོངས་ལ་བསྐྱོད་པ》ཞེས་པའི་ལེ་ཚན་མཚོ་ལྷོ་ལ་སླེབས་པ་ནི་ང་ཚོ་ལ་མཚོན་ན་གྲ་སྒྲིག་དང་འཆར་བཀོད་ལེགས་པོ་ཡོད་ཞིང་།  ཐོག་མར་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས《རྒྱལ་ཡོངས་ལ་བསྐྱོད་པ》ཞེས་པའི་ལེ་ཚན་ལ་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་།   ལོ་སྔོན་མ་ནས་བཟུང་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཁག་གིས《རྒྱལ་ཡོངས་ལ་བསྐྱོད་པ》ཞེས་པའི་ལེ་ཚན་མཚོ་ལྷོ་ལ་གདེམས་འདྲེན་ཞུ་རྒྱུའི་སེམས་ཐག་བཅད་པ་རེད།    ཟླ8པ་ནས་བཟུང་དུས་འགོའི་ཇུས་འགོད་མི་སྣ་མཚོ་ལྷོ་ལ་སླེབས་རྗེས། མཚོ་ལྷོའི་རྫོང་ལྔ་ལ་ཕྱིན་ཏེ་དམངས་སྲོལ་ཆེད་མཁས་དང་འགོ་ཁྲིད་སོགས་ལ་བཅར་འདྲི་བྱས་པ་བརྒྱུད།  བོད་རིགས་གཙོ་ཡིན་པའི་མི་དམངས་མང་ཚོགས་ཀྱིས་ཡིད་དུ་འོངས་ཤིང་རྣམ་པ་མང་བོའི་རིག་གནས་སྐྲུན་འདུག་པ་དཔེར་ན་མང་རྫོང་གི་བརྩེགས་དྲུབ་རིག་གནས་དང་བྲག་དཀར་རྫོང་གི་ཆོས་ཀྱི་སྒྲ་དབྱངས་སོགས་ལ་གནའ་ནས་ད་ལྟའི་བར་དུ་བརྒྱུད་འཛིན་དང་དར་སྤེལ་གནང་བ་ལ་མྱོང་ཚོར་ཟབ་མོ་སྐྱེས་པ་རེད།      རིག་གནས་འདི་དག་ཀྲུང་དབྱང་བརྙན་འཕྲིན་ཁང《རྒྱལ་ཡོངས་ལ་བསྐྱོད་པ》ཞེས་པའི་ལེ་ཚན་ལ་མཚོན་ན་དངོས་གནས་རིན་ཐང་བྲལ་ཞིང་། སྤྱི་ཚོགས་ལོ་རྒྱུས་རིག་གནས་དང་རྫོང་རི་རིག་གནས།  རང་བྱུང་མཛེས་ལྗོངས་སོགས་ལེ་ཚན་གྱི་བརྗོད་བྱ་གཙོ་བོ་རུ་བཞག་པ་དང།  རྗེས་ཕྱོགས་མུ་མཐུད་དུ་རྫོང་དང་གྲོང་སྡེབ།  གྲོང་སྡེ་སོགས་ལ་ཕྱིན་ཏེ་རྒྱུས་ལོན་གང་མང་བྱེད་པ་དང་།   འབྲེལ་ཡོད་ཆེད་མཁས་ལ་གནས་ཚུལ་འདྲི་རྒྱུའི་གོ་སྐབས་བརྩོན་ལེན་བྱས་ན་དེ་ལས་ལྷག་པའི་བརྙན་འཕྲིན་གསར་རྩོམ་གྱི་བསམ་ཕྱོགས་ལེགས་པོ་འབྱུང་ངེས་རེད་ཅེས་བཤད།

ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།