ནུབ་བྱང་མི་རིགས་སློབ་ཆེན་དཔེ་མཛོད་ཁང་གིས་དཔྱད་ཡིག་དཔེ་ཚོགས་པར་སྐྲུན་བྱས།

རྩོམ་པ་པོ།:དཀོན་མཆོག་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-11-02 09:13:00 ཀློག་གྲངས།:

 ནུབ་བྱང་མི་རིགས་སློབ་ཆེན་འཛུགས་སྐྲུན་ལོ་འཁོར་དྲུག་བཅུ་ལོན་པའི་རྟེན་འབྲེལ་དུ།  སློབ་གྲྭའི་དཔེ་མཛོད་ཁང་གིས་དཔྱད་ཡིག་དཔེ་ཚོགས་སྣ་ལྔ་རྩོམ་སྒྲིག་མཛད་ཅིང་།  མིག་སྔར། དཔེ་ཚོགས་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་མ་ཟད་རྒྱལ་ཡོངས་ལ་འགྲམ་སྤེལ་བྱས་པ་རེད།  དཔེ་ཚོགས་དེ་ནི《རྒྱ་ཡིག་སྣ་དཔེའི་སྐར་ཆག》དང《བོད་ཡིག་སྣ་དཔེའི་སྐར་ཆག》《ཡུལ་བཤད་གནད་བསྡུས་རྩ་ཆེན》《མཁས་པའི་ལག་བྲིས་གཅེས་བཏུས》སོགས་ཡིན་པ་དང་།    དེ་ལས《བོད་ཡིག་སྣ་དཔེའི་སྐར་ཆག》ཁྲོད་གཙོ་བོ་བོད་ཀྱི་གནའ་དཔེ་ཉར་ཚགས་བྱས་ཡོད་པ་རེད།  
 རྒྱུས་ལོན་བྱས་པ་ལྟར་ན།  དཔྱད་ཡིག་དཔེ་ཚོགས་པར་སྐྲུན་དང་ཉར་ཚགས་བྱས་པ་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་མ་གཏོགས་ཀན་སུའུ་སློབ་ཆེན་གྱི་དཔེ་མཛོད་ཁང་གཞན་གྱིས་སྒྲུབ་མ་བྱུང་།  ཐ་ན་རྒྱལ་ཡོངས་མི་རིགས་སློབ་ཆེན་གཞན་ནའང་ཡོད་མ་སྲིད།  དཔྱད་ཡིག་དཔེ་ཚོགས་འདི་པར་སྐྲུན་བྱས་པ་ནི་ནུབ་བྱང་མི་རིགས་སློབ་གླིང་བཙུགས་ནས་ལོ་འཁོར་དྲུག་བཅུ་ལོན་པའི་རྟེན་འབྲེལ་དུ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཡིན་པ་མ་ཟད།   སློབ་གྲྭ་དང་དཔེ་མཛོད་ཁང་གི་སྙན་གྲགས་ལ་དོན་སྙིང་ཆེན་པོ་ལྡན་ངེས། 
                                                                                                                                                                                                                                                                                 ལོ་ཙཱ་བ།  ལྷ་མོ་ཚེ་སྐྱིད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།