ཁུལ་གཙོ་གཞོན་པ་ཏུང་ཧྥུའུ་ཁའེ་སོགས་གུང་ཧོ་རྫོང་སློབ་ཆུང་གསུམ་པར་གཟིགས་ཞིབ་དུ་ཕེབས།
ཏུང་ཧྥུའུ་ཁའེ་སོགས་འགོ་ཁྲིད་རྣམས་གུང་ཧོ་རྫོང་སློབ་ཆུང་གསུམ་པར་གཟིགས་ཞིབ་བྱེད་པ།
ཟླ10བའི་ཚེས12ཉིན་གྱི་སྔ་དྲོ། མཚོ་ལྷོ་ཁུལ་གྱི་ཁུལ་གཙོ་གཞོན་པ་ཏུང་ཧྥྥུའུ་ཁའེ་དང་། གུང་ཧོ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཤིན་ཏྲིན་ཧྭའོ། གུང་ཧོ་རྫོང་སློབ་གསོ་ཅུའུ་ཡི་འགོ་གཙོ་འཕགས་པ། མཚོ་ལྷོ་ཁུལ་དང་རྫོང་རིམ་པའི་འཕེལ་རྒྱས་དངབཅོས་བསྒྱུར་ཨུ་ཡོན་དང་། དཔལ་འབྱོར་འཛུགས་སྐྲུན་ཅུའུ་སོགས་ཀྱི་སྡོམ་པས་འགོ་ཁྲིད14གུང་ཧོ་རྫོང་སློབ་ཆུང་གསུམ་པར་གཟིགས་ཞིབ་བྱ་བར་ཕེབས།
སློབ་གྲྭའི་དཔེ་ཁང་དུ་གཟིགས་ཞིབ་བྱེད་བཞིན་པ།
མཚོ་ལྷོ་ཁུལ་གྱི་ཁུལ་གཙོ་གཞོན་པ་ཏུང་ཧྥུའུ་ཁའེ་དང་། གུང་ཧོ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཤིན་ཏྲིན་ཧྭའོ་རྣམས་སློབ་གཙོ་ཡང་ཧེའེ་ཧྲིན་སོགས་ཀྱི་ངོ་སྤྲོད་འོག ཐོག་མར་སློབ་གྲྭའི་ར་སྐོར་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གཟིགས་ཞིབ་མཛད་པ་རེད།
ཏུང་ཧྥུའུ་ཁའེ་སོགས་འགོ་ཁྲིད་རྣམས་སློབ་གཙོ་དང་བསམ་བློ་བརྗེ་རེས་བྱེད་བཞིན་པ།
དེའི་རྗེས་སློབ་གཙོ་ཡིས་སློབ་གྲྭའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་དང་། སློབ་གྲྭའི་བདེ་འཇགས་བཟོ་བཀོད། སློབ་ཁུངས་ཀྱི་གྲུབ་ཆ། སློབ་རའི་རིག་གནས་འཛུགས་སྐྲུན་སོགས་ཕྱོགས་ཀྱི་བྱ་བ་ཡར་ཞུ་དང་། ཁུལ་གཙོ་གཞོན་པ་ཏུང་ཧྥུའུ་ཁའེ་ཡིས་སློབ་གྲྭའི་གནས་ཚུལ་ཡོངས་ལ་རྒྱུས་ལོན་མཛད་ཅིང་དེ་དང་མཐུན་པའི་བསམ་འཆར་བཏོན་པ་སྟེ། སློབ་ཁྲིད་གཙོར་བྱས་པའི་སློབ་གྲྭའི་སློབ་གསོ་སྤུས་ཚད་ལ་དངོས་སུ་ཤུགས་བསྣན་པ་དང་། བྱིས་པ་རྣམས་ཀྱིས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མྱོང་ཐུབ་པ། མིག་རྒྱང་རིང་བའི་སྒོ་ནས་རང་འགུལ་འཕེལ་རྒྱས་ཏེ། སློབ་གྲྭའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། སློབ་གྲྭའི་དོ་དམ་ཆུ་ཚད་། སློབ་རའི་རིག་གནས་སྤུས་ཚད། དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་སོགས་ཆ་ཡོངས་མཐོར་འདེགས་གཏོང་བ། སྤུས་ཚད་གཞིར་བཞག་བྱས་ནས་འཕེལ་རྒྱས་ལ་དམིགས་པ་དང་། དོ་དམ་ལེགས་པར་བྱས་ཏེ་སྤྱི་སྙིང་ཕུན་སུམ་ཚོགས་པ། ལས་འབྲས་ལ་ཤུགས་བསྣན་ཏེ་མཚན་སྙན་ལ་བརྩོན་ལེན་བྱེད་པ་བཅས་བྱས་ནས་སློབ་གྲྭའི་དགེ་སློབ་ཡོངས་ཡིད་ཚིམ་པར་བྱེད་དགོས་ཞེས་བསྟན།
ལོ་ཙཱ་བ། ལྷ་མོ་ཚེ་སྐྱིད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com