ཆབ་ཆ་ས་ཁུལ་གྱི་མདའ་འཕེན་གྲ་སྒྲིག་འགྲན་བསྡུར་དངོས་སུ་འགོ་བརྩམས་པ།

རྩོམ་པ་པོ།:བསོད་ནམས་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-11-28 09:58:52 ཀློག་གྲངས།:

  

 འགྲན་བསྡུར་གྱི་ཡུལ་དངོས།

    ཉེ་སྔོན།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ལོ་རེ་ལ་ཐེངས་རེར་སྤེལ་བཞིན་པའི་དམའ་འཕེན་འགྲན་བསྡུར་དེ་དངོས་སུ་འགོ་བརྩམས་པ་དང་། རྒྱ་ལོའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅོ་ལྔའི་ཉིན་བར་གྲ་སྒྲིག་འགྲན་བསྡུར་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱས་ཤིང་།  མདའ་བའི་རུ་ཁག་སོ་སོ་འགྲན་བསྡུར་ཁྲོད་ཞུགས་པས།  མཐོ་སྒང་གི་ཡུལ་ཁམས་འདིར་སྤྲོ་དགའི་ཁ་དབུགས་གསར་བ་ཞིག་བསྣན་ཡོད།

   དེ་ཡང་མདའ་འཕེན་ནི་ཁྱབ་གདལ་རང་བཞིན་ལྡན་པའི་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། དུས་རབས་སྔོན་མའི་ནང་རི་དྭགས་རྔོན་པ་ནས་མ་ཉམས་པར་དུས་ད་ལྟའི་བར་དར་ཁྱབ་བྱུང་བ་ཡིན་པར་མ་ཟད།  ལྷག་པར་དུ་ཨ་མདོའི་བོད་ཁུལ་ལ་མཚོན་ནས་བཤད་ན་གཟུགས་གཞི་ཇེ་ཐང་དུ་གཏོང་བ་དང་།  ཡིད་སེམས་སྤྲོ་དགའི་ཁྱབ་པ།  འཚོ་བར་རོལ་མྱོང་ལྡན་པ་ཙམ་མ་ཡིན་པར།  མི་རིགས་ཤིག་གི་སྲོལ་རྒྱུན་མུ་སྐྱོང་དང་གོམས་གཤིས་དར་ཁྱབ། ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་བྱེད་པ་བཅས་འདུས་ཡོད་པ་ཞིག་ཡིན།

འབེན(ས་ཆ་ལ་ལར་རྒྱ་མའང་ཟེར)

རྒྱལ་ཁའི་ཀི་སྒྲས་གནམ་ས་གཡོ་བ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།