ཆེད་མཁས་པ་མང་བོས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ལ་མཐའ་དཔྱོད་བགྲོ་གླེང་གནང་བ།

རྩོམ་པ་པོ།:བསོད་ནམས་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-11-24 10:47:34 ཀློག་གྲངས།:

མཐའ་དཔྱོད་ཚོགས་འདིའི་ཡུལ་དངོས།

  ཟླ༩པའི་ཚེས༢༧ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མགོ་སྡུད་བརྒྱབ་པའི མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལགྱི་མཐའ་དཔྱོད་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་ཆ་གྲོང་རྡལ་དུ་གཟབ་རྒྱས་ངང་འཚོགས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་སློབ་གླིང་གི་སློབ་གཙོའམ་ འབུམ་རམས་པའི་སློབ་དཔོན་ཚེ་རིང་ཐར་ལགས་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པའམ་མཚོ་སྔོན་ལོ་ཙཱ་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་གཉེན་ལགས། མཚོ་སྔོན་མི་རིགས་སློབ་གླིང་བོད་རིག་པ་སྡེ་ཁག་གི་དགེ་རྒན་ཆེན་མོའམ་རབ་འབྱམས་པའི་སློབ་དཔོན་སངས་རྒྱས་ལགས།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གསང་བདག་ལགས། ནུབ་བྱང་མི་རིགས་སློབ་ཆེན་གྱི་གེ་སར་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་འམ་འབུམ་རམས་པའི་སློབ་དཔོན་ལྷ་མཆོག་རྒྱལ་ལགས། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་སློབ་དཔོན་བཀྲ་ཤིས་ཚེ་རིང་ལགས། ལན་དྲུག་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་སློབ་དཔོན་འབྲུག་ཐར་ལགས།   ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་སློབ་དཔོན་ཚེ་རིང་ལགས།  མཚོ་སྔོན་ཚགས་པར་ལས་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝང་ཝུན་ལུའུ་ལགས།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་སྐལ་བཟང་རྒྱལ་ལགས། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་བཀྲ་བྷོ་ལགས། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པའམ་  འབུམ་རམས་པའི་སློབ་དཔོན་ལྕགས་ཐར་རྒྱལ་ལགས།  མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་མི་རྡོ་ལགས་སོགས་ཞིང་ཆེན་ཕྱི་ནང་ནས་ཕེབས་པའི་ཆེད་ལས་མཁས་པ་སུམ་ཅུ་ལྷག་ཐེངས་འདིའི་མཐའ་དཔྱོད་ཚོགས་འདུར་ཞུགས་ཏེམཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལལ་མཐའ་དཔྱོད་གནང་། དེ་མིན་ད་དུང་མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྟག་འབུམ་རྒྱལ།  མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་བསོད་ནམས་རྒྱལ།  མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་བསོད་རྒྱལ་སོགས་དང་མཚོ་སྔོནཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་།  མཚོ་ལྷོ་ཁུལ་ཨུ།  ཁུལ་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་དང་།  རྫོང་ཁག་ལྔའི་བོད་ཀྱི་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་གཙོ་དང་ཆོས་ལུགས་མི་སྣ།  དམངས་ཁྲོད་ཀྱི་འཐུས་ཚབ་སོགས་མི་བདུན་ཅུ་ལྷག་ཚོགས་འདུར་ཞུགས། 

ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྟག་འབུམ་རྒྱལ་གྱིས་ཚོགས་འདུར་འགོ་འཛིན་མཛད་བཞིན་པ།

མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བསོད་ནམས་རྒྱལ་གྱིས་བསུ་ཚིག་ཕུལ་བཞིན་པ།

རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་ལོ་ཡིས་ས་མིང་རྩོམ་སྒྲིག་གནས་ཚུལ་སྙན་ཞུར་ཕུལ་བཞིན་པ།

  ཚོགས་འདུ་འདིར་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྟག་འབུམ་རྒྱལ་གྱིས་འགོ་འཛིན་མཛད་ཅིང་།  མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་བསོད་ནམས་རྒྱལ་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་འདུའི་སྟེང་བསུ་ཚིག་ཕུལ་ནས།  མཚོ་ལྷོའི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད།  མཚོ་ལྷོ་ཁུལ་ས་མིང་རིག་གནས་བྱ་བའི་དགོས་གཏུགས་ཆེ་བའི་རང་བཞིན་གཏིང་ཟབ་པའི་སྒོ་ནས་བསྟན་བྱུང་།  ས་མིང་རྩོམ་སྒྲིག་ལྷན་ཚོགས་ཀྱི་ཀྲུའུ་རིན་ཚེ་ལོ་ལགས་ཀྱིསམཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལགྱི་རྩོམ་སྒྲིག་གནས་ཚུལ་ཞིབ་ཏུ་ངོ་སྤྲོད་བྱས།


ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མཉམ་བསྐྱོན་རྗེས་དྲན་འདྲ་པར།

  མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལརྩོམ་སྒྲིག་བྱེད་པའི་ལས་གཞི་འདི་ནི་མཚོ་ལྷོ་ཁུལ་གྱིས་རང་མངའ་ཁོངས་ཀྱི་ས་མིང་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ།  ས་གནས་ཀྱི་ཁྱད་ཆོས་མཚོན་པའི་མི་ཆོས་རིག་གནས་ཐོན་ཁུངས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན་ཕྱིན།  ས་མིང་རིག་གནས་སྔོག་འདོན་དང་ལེགས་སྒྲིག་བྱས་པ་ནི་མཚོ་ལྷོ་མངའ་ཁོངས་ཀྱི་རིག་གནས་ཉིང་བཅུད་ཕུན་སུམ་ཇེ་ཚོགས་དང་རིག་གནས་ཀྱི་རྔམས་ཇེ་སྟུག་བཏང་བ་མཚོན་ཐུབ་པ་མ་ཟད།  ཁུལ་ཡོངས་ཀྱི་དཔལ་འབྱོར་ཕྱོགས་ཡོངས་ནས་གོང་དུ་སྤེལ་བ་ལའང རིག་གནས་ཐད་ཀྱི་དངོས་ཡོད་སྟོབས་ཤུགསཀྱིས་རྒྱབ་རྩ་བྱེད་པའི་མཐུན་རྐྱེན་བསྐྲུན་ཡོད་པས་ན།  འདི་ནིབྱས་རྗེས་དེང་རབས་པས་བཞག་སྟེ།  ཕན་འབྲས་ཕྱི་རབས་པར་སྨིན་པའིརྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་བླ་མེད་བྱ་གཞག་ཅིག་རེད་ཅེས་བཤད་ཆོག་གོ །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།