༄༅།། བོད་ལྗོངས་ལྷོ་ཁའི་བྲོ་«ཡར་ཀླུང་གཙང་པོའི་ལང་ཚོའི་རླབས་རྒྱུན་» ཞེས་པ་པེ་ཅིན་ལ་འཁྲབ་སྟོན་དུ་བསྐྱོད

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚཽ་སྔོན་བོད་སྐད་བརྙན་འཕྲིན་དྲ་བ། དུས་ཚོད།:2008-04-03 10:14:15 ཀློག་གྲངས།:

    ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱིས་ལྷོ་ཁའི་བྲོ་«ཡར་ཀླུང་གཙང་པོའི་ལང་ཚོའི་རླབས་རྒྱུན་»ཞེས་པ་པེ་ཅིན་ནས་བསྡུས་པའི་ཀྲུང་གོ་གྲངས་ཉུང་མི་རིགས་སྲོལ་རྒྱུན་གླུ་གཞས་ཞབས་བྲོའི་འཁྲབ་སྟོན་སྟེང་ཞུགས་པའི་སྐྱེལ་མའི་མཛད་སྒོ་བསྡུས་པ་དང་བོད་ལྗོངས་ལྷོ་ཁ་འཕྱོངས་རྒྱས་རྫོང་ནས་ཐོན་པའི་འཁྲབ་སྟོན་པ་སོ་དྲུག་ཉིན་དེར་རྒྱལ་ས་པེ་ཅིན་དུ་ལམ་ལ་ཆས། 
    བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱི་འགན་ཁུར་པ་ལིག་ཅན་མེན་གྱིས་བཤད་རྒྱུར། ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་ནི་རང་རྒྱལ་གྱིརིག་གནས་ཤུལ་རྫས་ཉིན་མོ་སྐབས་བཞི་པ་ཡིན། གཞི་རིམ་གྱི་དམངས་ཁྲོད་སྒྱུ་རྩལ་པར་ཡར་སྐུལ་དང་ཕུལ་དུ་བྱུང་པའི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཏེ་བྲོ་ལ་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་ཆེད། རྒྱལ་ཁབ་རིག་གནས་པུའུ་ཡིས་སྤེལ་བའི་འབྲེལ་ཡོད་བརྡ་སྦྱོར་གཞིར་བཟུང་སྟེ་རང་སྐྱོང་ལྗོངས་རིག་གནས་ཐིན་གྱིས་རྒྱལ་ཁབ་རིག་གནས་པུའུ་ལ་རང་ཁུལ་གྱི་སྐོར་དང་པོའི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་རྫས་བྲོ་སྟེ། «ཡར་ཀླུང་གཙང་པོའི་ལང་ཚོའི་རླབས་རྒྱུན་»ཞེས་པའི་བརྙན་འཁོར་དེ་རིག་གནས་པུའུ་ཡིས་རྩ་འཛུགས་བྱས་པའི་ཆེད་མཁས་ཚན་ཆུང་གི་ཞིབ་བཤེར་བརྒྱུད། ལེ་ཚན་དེཀྲུང་གོ་གྲངས་ཉུང་མི་རིགས་སྲོལ་རྒྱུན་གླུ་གཞས་ཞབས་བྲོའི་འཁྲབ་སྟོནབྱ་འགུལ་ཁྲོད་ཚུད་པ་རེད་ཟེར།
    བྲོ་ནི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་རིག་གནས་གྲས་ཀྱི་སྒྱུ་རྩལ་ཁྱད་པར་བ་ཞིག་ཡིན་ལ། ད་ཡོད་ཀྱི་འཛམ་གླིང་གི་མི་རིགས་ཁག་གི་སྲོལ་རྒྱུན་ཞབས་བྲོ་རིག་གནས་ཁྲོད་ཆེས་གནའ་བོའི་ཞབས་བྲོ་ཞིག་ཡིན་ལ་ད་ལྟའི་བར་ལོ་ངོ་སྟོང་གཅིག་དང་སུམ་བརྒྱའི་ལོ་རྒྱུས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།