༄༅།། ས་སྐྱ་དགོན་པས་གློག་ཀླད་ཀྱི་ཤེས་བྱ་སློབ་ཁྲིད་བྱས་པ།

རྩོམ་པ་པོ།:ཞའོ་ཡན། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2008-03-28 08:52:29 ཀློག་གྲངས།:

  

   ཤེས་པ་ལྟར་ན།  ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་མིང་དུ་གྲགས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་སྟེ་ས་སྐྱ་དགོན་པ་ནས་ཉེ་ལམ་གྲྭ་བཙུན་རྣམས་ལ་གློག་ཀླད་ཀྱི་ཤེས་བྱ་ཁྲིད་དེ།   གཙོ་བོ་ཡི་གེ་གཏགས་པ་དང་།  པར་སྒྲིག་པ།  དྲ་ངོས་ཇུས་འགོད་བྱེད་པ་སོགས་ལ་སློབ་སྦྱོང་བྱེད་ཀྱིན་ཡོད།   བཤད་པ་ལྟར་ན།  ལོ་ཕྱེད་ཀ་འགོར་རྗེས་ས་སྐྱ་དགོན་པས་རང་གི་དྲ་ཚིགས་འཛུགས་རྒྱུ་རེད་ཟེར།

   ས་སྐྱ་དགོན་པའི་ཁྲི་བ་དཔལ་ལྡན་དོན་ཡོད་ཀྱིས་བཤད་རྒྱུར།   གནའ་བོའི་དགོན་པས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱས་པའི་རྨང་གཞིའི་སྟེང་།   སྔོན་ཐོན་རིག་གནས་བསྡུ་ལེན་བྱས་པ་དེ་དུས་རབས་ཀྱི་འགྲོས་དང་ཧ་ཅང་མཐུན་པ་ཞིག་རེད།

   ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཆེད་ལས་མཁས་པས་བཤད་རྒྱུར།   བོད་ཡིག་གི་མཉེན་ཆས་ལ་ཞིབ་འཇུག་བྱས་པ་དེས་བོད་ལྗོངས་དང་ནང་ལོག་བར་གྱི་རྩིས་འཁོར་ཕྱོགས་ཀྱི་བར་ཁྱད་མེད་པར་བཏང་བ་དང་།   མང་ཚོགས་ཀྱིས་དེང་རབས་ཀྱི་འཕྲིན་གཏོང་ཡོ་བྱད་བཀོལ་བར་སྟབས་བདེ་བཟོས་པར་མ་ཟད།   བོད་ལྗོངས་དང་ནང་ལོག་བར་དུས་ཐོག་ཏུ་ཆ་འཕྲིན་བརྗེ་རེས་བྱེད་པ་དང་།  བོད་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།