བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་སྣམ་བུ།
“བཀྲ་ཤིས་ཀྱི་མཇལ་དར་ཏེ་བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་བྱེད”ཁུལ་གྱི་ལས་ཡུལ་དངོས་སུ་བོད་ཀྱི་སྲོལ་རྒྱུན་ཀྱི་ལག་ཤེས་ཐོན་རྫས་སྣམ་བུ་འཐག་པའི་འཁྲབ་སྟོན་བྱེད་སྒོ་དེར། དེ་གའི་གཟིགས་མོ་བ་རྣམས་ཀྱི་སྤྱན་དབང་གཡེང་བ་མེད་པར་གྱུར་སོང་།
དེ་གའི་ལས་ཡུལ་དངོས་སུ་སྣམ་བུ་འཐག་བཞིན་པའི་བོད་རིགས་བུ་མོ་ཆུང་ཆུང་དེའི་མིང་ལ་ཟླ་བ་མཚོ་མོ་ཟེར་ཞིང་ཁོ་མོ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣ་མཁར་རྩེ་རྫོང་ནས་ཡོང་བ་ཞིག་ཡིན་འདུག ཁོ་ངོའི་ཁྱིམ་ཚང་དུ་མི་བརྒྱད་ཡོད་པ་དང་། ཁོ་མོས་ལོབཅུ་དྲུག་ཐོག་ནས་བཟུང་རང་གི་ཨ་མར་བརྟེན་ནས་སྣམ་བུ་འཐག་པའི་ལག་ཤེས་སྦྱོང་འགོ་ཚུགས་པས། ལོ་གཅིག་ཙམ་ལས་མ་སོང་ཡང་སྣམ་བུ་འཐག་པའི་ལག་ཤེས་ཀྱི་བཟོ་རྩལ་ཡོངས་སུ་བྱང་ཆུབ་པ་བྱུང་ཡོད།
རྒྱུན་གཏན་ཁོ་མོས་བཏགས་པའི་སྣམ་བུའི་ཐོན་རྫས་དེ་དག་ཁོ་མོ་རང་ཉིད་ཀྱི་ཁྱིམ་ཚང་དུ་བེད་སྤྱོད་བྱེད་པ་དང་། སྣམ་བུ་འཐག་སྐབས་ངེས་པར་དུ་མཁོ་བའི་རྒྱུ་ཆ་དེ་དག་གི་ཡོང་ཁུངས་ནི་རང་ཁྱིམ་དུ་གསོ་ཉར་བྱས་པའི་ལུག་གི་བལ་ལས་བྱུང་བ་ཞིག་ཡིན་པ་མ་ཟད། ཐ་ན་ཁྱིམ་ཚང་གི་འཐག་འཁྲི་དེ་ཡང་ཁོ་མོ་རང་གི་ཁྱིམ་མིས་བཟོས་པ་ཞིག་རེད་འདུག
ཁོ་མོས་ལག་ཤེས་སྒྱུ་རྩལ་འགྲེམ་སྟོན་བྱེད་ཁུལ་དུ་བཏགས་པའི་སྣམ་བུ་དེར་འདོམ་གང་ཙམ་ལས་མེད་ན་ཡང་། དེ་ནི་བོད་ཁུལ་ཀྱི་འཐག་འཁྲིའི་སྟེང་བཏགས་པའི་བོད་རིགས་རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་རང་གཟུགས་སུ་མངོན་པའི་སྣམ་བུ་ངོ་མ་དེ་རེད་ལགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com