བོད་ལྗོངས་སློབ་གྲྭ་ཆེན་མོ་རྒྱལ་ཁབ་ཀྱི“༢༡༡ལས་གཞིའི”གཙོ་གནད་དུ་འཛུགས་སྐྲུན་བྱེད་པའི་སློབ་གྲྭའི་གྲས་སུ་

རྩོམ་པ་པོ།:སྐལ་བཟང་ཟླ་བ། ཡོང་ཁུངས།:ཤིན་ཧྭ་དྲ་བ། དུས་ཚོད།:2008-03-22 10:12:01 ཀློག་གྲངས།:

བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་རའི་ནང་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་སློབ་མ་རྣམས།

བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་རའི་ནང་གི་ལམ་སྟོན་བྱང་བུ།

བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཁག་ཅིག་སློབ་ར་གསར་བིའ་རྒྱབ་སྒོའི་མདུན་དུ་འགྲོ་བཞིན་པ།

    ཟླ༡༢པའི་ཚེས༡༦ཉིན།  བོད་ལྗོངས་སློབ་གྲྭ་ཆེན་མོའི་རྒྱས་སྐྲུན་ལས་གཞི་ལེགས་གྲུབ་བྱུང་བ་དང༢༡༡ལས་གཞིའིགཙོ་གནད་དུ་འཛུགས་སྐྲུན་བྱེད་པའི་སློབ་གྲྭའི་གྲས་སུ་ཚུད་པའི་རྟེན་འབྲེལ་ཚོགས་ཆེན་ལྷ་སར་ཚོགས་པ་ཡིན།  བོད་ལྗོངས་སློབ་གྲྭ་ཆེན་མོ་ནི་བོད་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཡིན་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཡིན་པ་དང་།  དཔལ་འབྱོར་རིག་པ་དང་།  ཁྲིམས་ལུགས་རིག་པ།  རང་བྱུང་བཟོ་སྐྲུན་རིག་པ།  གསོ་རིག་པ་སོགས་ཚུད་པའི་ཚན་ཁག་ཆེན་པོ་བཅུ་ཡོད་ཅིང་།  ཁྱོན་བསྡོམས་སློབ་མ༨༠༠༠ལྷག་ཡོད།

    བོད་ལྗོངས་སློབ་གྲྭ་ཆེན་མོ་འདི་ཉིད་རྒྱལ་ཁབ་ཀྱི༢༡༡ལས་གཞིའིགཙོ་གནད་དུ་འཛུགས་སྐྲུན་བྱེད་པའི་སློབ་ཆེན་ལ་གཏན་ཁེལ་བྱས་པ་དང་།  དེའི་ཐོག་ནས་བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོ་གོང་འཕེལ་གྱི་དུས་མཚམས་གསར་པའི་ཕྱོགས་སུ་བསྐྱོད་འགོ་ཚུགས་པ་མཚོན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།