བོད་རང་སྐྱོང་ལྗོངས་ཀྱི་དེང་རབས་རིག་རྩལ་གསར་རྩོམ་ལོ་རྒྱུས་ཀྱི་ཆེས་བཟང་པའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་ས

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2008-03-18 09:33:09 ཀློག་གྲངས།:

    བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་སུམ་ཅུ་འཁོར་བར་དྲན་གསོ་བྱེད་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང༌། རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མ་རོ་ལུང་གིས་ཚོགས་ཐོག་ནས་བཤད་རྒྱུར།  བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་སུམ་ཅུའི་རིང་གི་འཕེལ་རྒྱས་བརྒྱུད་ནས།  བོད་ལྗོངས་ཀྱི་དེང་རབས་རིག་རྩལ་གསར་རྩོམ་བྱ་བ་ལོ་རྒྱུས་ཀྱི་ཆེས་བཟང་པའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད་ཟེར།  བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱིས་སྡོམ་རྩིས་རགས་ཙམ་བྱས་པ་ལྟར་ན།  ཉིས་སྟོང་གསུམ་ལོ་ནས་བཟུང་བོད་ལྗོངས་ཀྱི་ཐད་གཏོགས་ཆེད་ལས་རིག་རྩལ་ཚོགས་པས་འཁྲབ་གཞུང་ཚན་སུམ་ཅུ་ལྷག་དང༌།  གླུ་དབྱངས་ཉིས་བརྒྱ་ལྷག་བཅས་གསར་རྩོམ་བྱས་ལ།  ཁུལ་ཡོངས་ཀྱི་ས་ཁུལ་བདུན་གྱི་ཆེདལས་རིག་རྩལ་ཚོགས་པས་འཁྲབ་ཚན་སུམ་བརྒྱ་ལྷག་ཚོགས་ར་སྟོང་གསུམ་ནས་འཁྲབ་སྟོན་བྱས་པ་དང༌།  ལྟ་མཁན་ས་ཡ་ལྔ་ལྷག་ལ་བུད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།