མཚོ་སྔོན་གྱིས་བོད་ཀྱི་གསོ་རིག་གནའ་དཔེ་དག་སྒྲིག་དང་སྲུང་སྐྱོབ་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླང་ཡོད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2008-03-18 09:24:56 ཀློག་གྲངས།:

    མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱས་པ་ལྟར་ན། ཞིབ་འཇུག་ཁང་འདི་གས་སྔ་གཞུག་ཏུ་བོད་ཀྱི་གསོ་རིག་གནའ་དཔེ་པོད་༡༠༠༠ལྷག་མྱུར་སྐྱོབ་དང་སྔོག་འདོན་བྱས་ཏེ། བོད་ཀྱི་གསོ་རིག་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླང་།

     མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་གི་འགོ་གཙོ་རྡོ་རྗེས་བཤད་རྒྱུར། བོད་ཀྱི་གསོ་རིག་རྒྱུན་འཛིན་དང་གོང་དུ་སྤེལ་ཆེད། རྒྱལ་ཤབ་དང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག་བཙུགས་པའི་ངེད་ཞིབ་འཇུག་ཁང་གིས་ལོ་ངོ་ཉེར་ལྔའི་རིང་ལ་བོད་ཀྱི་གསོ་རིག་གནའ་དཔེ་དག་སྒྲིག་དང་དཔར་སྐྲུན་གྱི་ཐད་ལ་ནུས་པ་གང་ལེགས་བཏོན་ཏེ། སྔ་གཞུག་ཏུགསེར་མཆན་རྣམ་བཀྲ་གན་མཛོདདངཕྱག་རྡོར་གསོ་རིག་གཅེས་བསྡུས།》《སྔོ་འབུམ་སྨན་གྱི་གཏེར་མཛོདསོགས་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ༢༠༠ལྷག་དག་སྒྲིག་དང་པར་སྐྲུན་བྱས། དེའི་ནང་དུ་བརྒྱ་ཆའི༦༠ནི་ཕྱག་བྲིས་མ་ཡིན་ལ། ནང་དོན་གྱི་ཐད་ནས་བོད་ཀྱི་གསོ་རིག་ལོ་རྒྱུས་དང་རྩ་བའི་ཤེས་བྱ། ནད་ཐོག་ལག་ལེན། སྨན་གྱི་སྦྱོར་བ། བཙོ་སྦྱང་ལག་རྩལ་སོགས་ཕྱོགས་མང་བོ་འདུས་ཡོད་ཅིང་། སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པ་ནས་ཀྲུང་གོ་གསར་བ་དབུ་བརྙེས་པའི་བར་གྱི་ལོ་ངོ༢༨༠༠རིང་ལོ་རྒྱུས་ལྡན།

     མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གིས་གསོ་རིག་གནའ་དཔེ་དག་སྒྲིག་གི་ཐད་ལ་གྲུབ་འབྲས་གལ་ཆེན་ཞིག་བླང་ཡོད་པ་དང་། བོད་ཀྱི་གསོ་རིག་ལས་རིགས་ནས་ཁས་ལེན་དང་གདང་འཇོག་མཐོན་པོ་བྱེད་ཀྱིན་ཡོད་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་བོད་སྨན་ཞིབ་འཇུག་གི་ཟུར་ལྟའི་དཀར་ཆག་གཙོ་བོར་གྱུར་ཡོད།

     རྡོ་རྗེ་ལགས་ཀྱིས་བཤད་རྒྱུར། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་ཏུ། ཁོ་ཚོས་ད་དུང་༢༠༡༠ལོའི་བར་ཏུབོད་ཀྱི་གསོ་རིག་དཀོན་པོའི་དཔེ་ཚོམསཔོད་༡༦༠དངཀྲུང་གོའི་བོད་ཀྱི་གསོ་རིག་ཀུན་འདུསཔོད་༡༠༠དང་། རྒྱུད་བཞི་སྨན་ཐང་རྩ་འགྲེལ་པོད༦བཅས་དག་སྒྲིག་དཔར་སྐྲུན་བྱེད་རྩིས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།