མགོ་ལོག་ཁུལ་གི་གྲོང་རྡལ་སྡོད་དམངས་སྨ་ན་བཅོས་འགན་སྲུང་དུ་ཞུགས་ཚད་བརྒྱ་ཆའི༧༣.༠༡ལ་བསླེབས་པ།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རགས་རང་སྐྱོང་ཁུལ་གྱིས་གྲོང་རྡལ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་བྱ་བ་ལག་བསྟར་བྱས་ཤིང་། ནན་ཏན་གྱིས་ཁུལ་དང་རྫོང་རིམ་པའི་གྲོང་རྡལ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་མགོ་ཀྲིད་ཚན་ཆུང་དང་དོ་དམ་ཨུ་ཡོན་ལྷན་ཚོགས། ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་བཅས་གསར་འཛུགས་བྱས། དེ་དང་མཉམ་དུ། ཁུལ་དང་རྫོང་། གྲོང་རྡལ(ཤང)བཅས་རིམ་པ་གསུམ་གྱི་གྲོང་རྡལ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དོ་དམ་གཞུང་སྒྲུབ་ཁང(དོ་དམ་ཚན་ཆུང)བཙུགས་ཤིང་། 《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྲོང་རྡལ་སྡོད་དམས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལག་བསྟར་བྱེད་ཐབས》བཟོས་ཏེ་འགྲེམ་སྤེལ་བྱས་པ་མ་ཟད་གྲོང་རྡལ་སྡོད་དམངས་ཧུར་བརྩོན་གྱིས་སྨན་བཅོས་འགན་སྲུང་དུ་ཞུགས་པ་དང་། འགན་སྲུང་མ་དངུལ་རྩིས་སྤྲོད་བྱེད་པར་སྣེ་ཁྲིད་དང་སྐུལ་སློང་བྱས། མིག་སྔའི་བར་དུ། ཁུལ་ཡོངས་སུ་གྲོང་རྡལ་སྡོད་དམངས་སྨན་བཅོས་འགན་སྲུང་དུ་ཞུགས་ཚད་བརྒྱ་ཆའི༧༣.༠༡ལ་བསླེབས་པ་དང་། མ་དངུལ་སྒོར་ཁྲི་ཚོ༢༡༩.༩༨ལེགས་འགྲུབ་བྱུང་། དེའི་ནང་གྲོང་རྡལ་སྡོད་དམངས་རང་ཉིད་ཀྱིས་སྒོར་ཁྲི་ཚོ༤༣.༦༨ཧྲག་བསྡུ་བྱས་པ་དང་། དམངས་སྲིད་ཀྱིས་སྒོར་ཁྲི་ཚོ༧༤.༠༡སྔ་འདོན་བྱས་ལ། ཞིང་ཆེན་རིམ་པས་སྒོར་ཁྲི་ཚོ༨༢.༧དང་ཁུལ་རིམ་པས་སྒོར་ཁྲི་ཚོ༡༣.༩༨དང་། རྫོང་རིམ་པས་སྒོར་ཁྲི་ཚོ༥.༧༡བཅས་ཁ་གསབ་བྱས། དོན་དངོས་སུ་སྨན་བཅོས་འགན་སྲུང་དུ་ཞུགས་པའི་མི་གྲངས་ཞིང་ཆེན་དང་ཁུལ་རིམ་པས་གཏན་འཁེལ་བྱས་པའི་དམིགས་འབེན་དུ་བསླེབས།
རྒྱུས་ལོན་བྱས་པ་ལྟར་ན། མིག་སྔའི་བར་དུ། མགོ་ལོག་ཁུལ་གྱི་གྲོང་རྡལ་སྡོད་དམངས་ལ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པའི་སྨན་རིན་སྒོར་ཁྲི་ཚོ༦༥༤༣༡.༧༢རྩིས་ཞུ་བྱས་པ་དང་། མི་ཐེངས་ཁྲི་ཚོ༤༦ལ་ཁ་གསབ་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com