ས་སྐྱ་དགོན་པ་ནས་རིན་ཆེན་སྣ་བརྒྱད་ཀྱི་ཞུན་མས་བྲིས་པའི་ཆོས་དཔེ་རྙེད་པ།

རྩོམ་པ་པོ།:བདེ་ལྷ་མོ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2008-03-01 08:42:39 ཀློག་གྲངས།:

    ཉེ་ལམ།  ཞིབ་འཇུག་པས་བོད་ཀྱི་དགོན་ཆེན་བཞིའི་ཡ་གྱལ་ས་སྐྱ་དགོན་པ་ལས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་རིན་ཆེན་སྣ་བརྒྱད་ཀྱི་ཞུན་མས་བྲིས་པའི་ཆོས་དཔེ་རྩ་ཆེན་ཁག་ཅིག་རྙེད་ཡོད་ཅིང་། དེ་ནི་བོད་ཀྱི་དགོན་སྡེ་ཁག་ཏུ་ཆེས་ཤིན་ཏུ་མཐོང་དཀོན་པའི་ཆོས་དཔེ་ཁག་ཅིག་ཡིན་པ་རེད།

    ས་སྐྱ་དགོན་པའི་ཞིག་གསོའི་ལས་གཞིའི་འགན་ཁུར་བ་རྡོ་རྗེས་ངོ་སྤྲོད་གནང་བ་ལྟར་ན། གསར་དུ་རྙེད་པའི་ཆོས་དཔེ་དེ་དག་ནི་གསེར་དང་དངུལ། གཡུ། མུ་ཏིག   དུང་། མཚལ་རྡུལ། རུས་པ་སོགས་རིན་ཆེན་སྣ་བརྒྱད་ཀྱི་ཞུན་མས་བྲིས་ཡོད་པ་དང་། དེའི་ནང་ནས་རུས་པ་དང་གཡུ་ཡིས་བྲིས་པའི་ཆོས་དཔེ་གཉིས་ནི་ས་སྐྱ་དགོན་དུ་སྔར་མེད་པའི་ཆོས་དཔེ་ཁག་གཉིས་ཡིན་ལ། ལྷག་པར་དུ་ཤོག་གྲངས༩༨ཡོད་པའི་གཡུ་བྲིས་ཆོས་དཔེ་དེ་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་པ་རེད།

    ས་སྐྱ་དགོན་ནི་བོད་ལྗོངས་གཞིས་རྩེ་ཀྲོན་ཆུས་ཁོངས་ཀྱི་ས་སྐྱ་རྫོང་གི་བྱང་ངོས་དཔོན་པོ་རིའི་འདབས་སུ་གནས་ཡོད། གཞིས་རྩེ་གྲོང་ཁྱེར་ནས་དགོན་པ་དེ་བར་དུ་སྤྱི་ལེ་༡༥༠ཙམ་སྐྱོད་དགོས་ཀྱི་ཡོད། དེ་ནི་བོད་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་༡༠༧༣ལོར་འཁོན་དཀོན་མཆོག་རྒྱལ་པོས་གནས་དེར་གཟིགས་སྐབས་དཔོན་པོ་རི་གླང་ཆེན་ཉལ་བ་དང་འདྲ་བའི་ཁ་དཔུང་(མཁལ་ཁུང་)གཡས་པའི་ཐད་ནས་ས་དཀར་སེང་གདོང་འདྲ་བ་ལ་གྲུམ་ཆུ་གཡས་སུ་འཁོར་བ། ལྷོ་ནི་མཎྜལ་སྤུངས་། ནུབ་ཆུ་མིག་རྫིང་ཁ་རྨ་བའི་གདོང་དང་མཚུངས་པའི་ས་དཔྱད་དགེ་བརྒྱད་དགེ་བཅུ་སོགས་བཀྲ་ཤིས་དགེ་མཚན་དུ་མ་ལྡན་པ་མཁྱེན་ནས་གནས་འདིར་དགོན་པ་བཏབ་པས་དགོན་མིང་དུ་ཡུལ་དེའི་སའི་ཁ་དོག་ལ་གཞིགས་ནས་ས་སྐྱ་དགོན་ཞེས་བཏགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།