ཏུང་ཧོང་གཉིས་པར་གྲགས་པའི་ས་སྐྱ་དགོན་པ་ཉམས་གསོའི་ལས་གཞི་སང་ལོའི་དཔྱིད་ཀར་ཡོངས་འགྲུབ་བྱེད་ཐུབ་རྒྱུ་རེད

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2008-02-25 17:44:26 ཀློག་གྲངས།:

   

    རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་ཚོ༨༦༠༠བཏང་བའི་ས་སྐྱ་དགོན་པའི་ཉམས་གསོའི་ལས་གཞི་དེ་མིག་སྔར་བརྒྱ་ཆའི་བརྒྱད་ཅུ་ལེགས་གྲུབ་ཟིན་པ་དང་སྔོན་རྩིས་ལྟར་ན་གཞི་ཁྱོན་ཆེ་བའི་རིག་དངོས་སྲུང་སྐྱོབ་ལས་གཞི་དེ་ཕྱི་ལོའི་དཔྱིད་ཀའི་དུས་སུ་ཡོངས་འགྲུབ་བྱེད་ཐུབ་རྒྱུ་རེད།

    དགོན་པའི་ནང་དུ་གསུང་རབ་དང་ལྡེབ་རིས་སྣ་མང་ཕུན་སུམ་ཚོགས་པར་བརྟན་ས་སྐྱ་དགོན་པར་ཏུན་ཧོང་གཉིས་པ་ཞེས་བརྗོད་བཞིན་ཡོད་ལ།  ༢༠༠༢ལོ་ནས་བཟུང་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ས་སྐྱ་དགོན་དུ་གཞི་ཁྱོན་ཆེ་བའི་ཉམས་གསོའི་ལས་གཞི་སྤེལ་པ་དང་།  དགོན་པའི་འཛུགས་སྐྲུན་གྱི་བཀོད་པ་དང་རིག་དངོས་སྲུང་སྐྱོབ་སྒྲིག་ཆས་སོགས་ཀྱི་ཐད་ལ་ཉམས་གསོ་བྱས་པ་རེད།

    ས་སྐྱ་རྫོང་ས་སྐྱ་དགོན་པའི་ཉམས་གསོའི་ལས་གཞིའི་འགན་ཁུར་བ་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།  ས་སྐྱ་དགོན་པའི་ཉམས་གསོའི་ལས་གཞིར་གནད་སའི་གོ་རིམ་ཆེན་པོ་བཞི་ཡོད་དེ།  དགོན་པའི་ལྡེབ་རིས་ཀྱི་སྲུང་སྐྱོབ་དང་།  ཐོག་སོའི་གྱང་སྐྱོར་ཨར་ལས་ཁ་སྣོན་རྒྱག་པ།  སྤེན་པད་ཇེ་བརྟན་དུ་གཏོང་བ།  ལྷ་ཁང་གི་ཤིང་ཆ་བརྗེ་སོར་བྱེད་པ་བཅས་ཡིན་པ་དང་།  ཕྱོགས་སོ་སོ་ནས་ཡོང་བའི་ཨར་ལས་མི་སྣ་དང་ལག་བཟོ་བས་ལོ་འགའི་འབདབརྩོན་འོག་མི་སྔར་ལས་གཞི་མང་ཆེ་བ་ལེགས་གྲུབ་བྱུང་ཡོད་པ་རེད།

    ས་སྐྱ་དགོན་པ་ནི༡༠༧༣ལོར་ཕྱག་བཏབ་པ་དང་བོད་བརྒྱུད་ནང་བསྟན་གྱི་ས་སྐྱ་བའི་མ་དགོན་ཡིན།  དགོན་པའི་ནང་དུ་རྩ་ཆེའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་དང་།  པུ་ཏི་ལྕགས་ལུང་མཡི་བཀའ་བསྟན་འགྱུར།  ཡོན་རྒྱལ་རབས་སྐབས་ཀྱི་དཀྱིལ་འཁོར་གྱི་ལྡེབ་རིས།  དཀར་ཡོལ་རྙིང་བ་སོགས་རིག་དངོས་མང་པོ་གསོག་ཉར་བྱས་ཡོད།  ༡༩༦༡ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དགོན་པ་དེ་ཉིད་རྒྱལ་ཡོངས་ཀྱི་གལ་ཆེ་བའི་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ་ཡིན།

    ༢༠༠༢་ལོའི་ཟླ༦པར་རྒྱལ་ཁབ་ཀྱིས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ།  ས་སྐྱ་དགོན་པ་བཅས་ཚུད་པའི་རིག་དངོས་ཉམས་གསོའི་ལས་གཞི་ཆེན་པོ་གསུམ་སྤེལ་འགོ་ཚུགས་པ་དང་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར༣.༣ཟིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།