༄༅།།ཤིན་རྩ་བསྟན་ཆོས་མཆོག་གིས་དམ་པའི་གསུང་རབ་འཁོད་པའི་ཤིང་ཏ་ལའི་ལོ་མར་དོ་སྣང་བྱེད་དགོས་ཞེས་གསུངས།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་གསར་པ་ཤིན་རྩ་བསྟན་འཛིན་ཆོས་གྲགས་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཆར་གཏོགས་པའི་སྣ་དཀར་རྩེའི་རྫོང་གི་ཁོངས་སུ་ཡོད་པའི་ཤིན་རྩའི་དགོན་པའི་སྤྲུལ་སྐུ་ཞིག་ཡིན་ཞིང་། ཟླ་༣ཚེས་༣ཉིན་ཁོང་གིས་པེ་ཅིང་གི་ཚོགས་ཆེན་གཉིས་ཀྱི་འཐུས་མི་སྡོད་སར་གསར་འགོད་པས་བཅར་འདྲི་བྱེད་པ་དང་ལེན་གནང་སྐབས་འདི་སྐད། ཁོང་རང་ཉིད་ལ་མཚོན་ན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དང་པོར་ཟུགས་མྱོང་བ་དང་། ཞིང་གསུམ་(ཞིང་པའི་གནད་དོན། ཞིང་གྲོང་གི་གནད་དོན། ཞིང་ལས་ཀྱི་གནད་དོན་གསུམ་མོ)ཞེས་པའི་སྟེང་དུ་ཞུགས་མྱོང་བ་ཡིན་ཞེས་གསུངས་པ་རེད།
ཤིན་རྩ་བསྟན་འཛིན་ཆོས་གྲགས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་བོད་ལྗོངས་ཀྱི་འཐུས་མི་༢༠ཡི་ནང་གི་སྤྲུལ་སྐུ་ཞིག་ཡིན་པའི་དབང་གིས་ཁོང་པེ་ཅིང་དུ་འབྱོར་བ་ན་གསར་འགྱུར་མཚམས་སྨྱོར་ལས་ཁུངས་ཀྱིས་དོ་སྣང་ཧ་ཅང་ཆེན་པོ་བྱས་པ་རེད ། དེ་རིང་གི་ཉིན་གོང་མགྲོན་ཁང་དུ་ཁོང་གིས་ཀྲུང་གོའི་གསར་འགྱུར་ཁང་གིས་ཆེད་དོན་བཅར་འདྲི་བྱེད་པ་དང་ལེན་གནང་སྐབས་ཞི་ཞིང་དུལ་བའི་སྒོ་ནས་ན་རེ། རྒྱལ་ཁབ་ཀྱིས་ཐུགས་ཁུར་གནང་བ་དང་མང་ཚོགས་ཀྱིས་ཡིད་རྟོན་བྱས་ནས་ང་རང་ད་ཐེངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཞིག་ཏུ་གྱུར་ཞིང་། ཐེངས་འདིའི་ཚོགས་འདུར་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་ཐོག་མར་འཐུས་མི་རྒན་པ་རྣམས་ཀྱིས་འགན་འཁྲི་ཇི་ལྟར་ལག་ལེན་དུ་བསྟར་བ་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཡིན། གཞན་ཡང་དོ་སྣང་བྱེད་དགོས་པའི་ཐད་ནས་བཤད་ན། རང་ཉིད་ཀྱིས་ཞིང་ལས་དང་། ཞིང་གྲོང་། ཞིང་པསོགས་དང། དེ་མིན་བོད་ལྗོངས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་བྱེད་པ་སྤྱི་དང་། ཁྱད་པར་དུ་དམ་ནའི་གསུང་རབ་འཁོད་པའི་ཤིང་ཏ་ལོའི་ལོ་མར་སྲུང་སྐྱོབ་བྱེད་པར་དོ་སྣང་ཆེན་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། ཅེས་གསུངས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com