༄༅།། བོད་ཀྱི་དཔེ་རྙིང་རྩ་ཆེན་སྣ་༡༦ རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་ཐོ་སྐོར་གཉིས་པའི་གྲས་སུ་ཚུད་པ

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2008-02-03 21:09:10 ཀློག་གྲངས།:

    ཚེས༡༡ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་གཟུགས་མེད་ཤུལ་བཞག་རིག་དངོས་ལ་སྲུང་སྐྱོབ་དང་། དཔེ་རྙིང་སྲུང་སྐྱོབ། རིག་དངོས་ཀྱི་དངོས་མང་བཤམས་སྟོན་གྱི་ལས་དོན་གཉེར་མཁན་གྱི་ཕུལ་བྱུང་མི་སྣར་གཟེངས་བསྟོད། དཔང་ཡིག་དང་བྱང་བུ་སྩོལ་བ་བཅས་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་དུ། བོད་ལྗོངས་ཀྱི་དཔེ་རྙིང་རྩ་ཆེན་སྣ༡༦རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་ཐོསྐོར་གཉིས་པའི་གྲས་སུ་ཚུད་པ་རེད།

    ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་ཐོསྐོར་གཉིས་པའི་ནང་དུ་བོད་ཡིག་གི་དཔེ་རྙིང་ཁྱོན་སྡོམ་སྣ༦༠བདམས་ཡོད་ཅིང་། དེའི་ནང་དུ་བོད་ལྗོངས་ཀྱི་དཔེ་རྙིང་སྣ་༡༥ཡོད་པ་དང་། དཔེ་རྙིང་རྩ་ཆེན་སྣ༡༥ཡི་ནང་དུ་དུས་རབས་༡༢བར་བྲིས་པའི་དཔེ་ཆ་སྟེ། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང་གི་ལྷ་ཁང་ཞིག་ཏུ་ཉར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕགས་པ་བརྒྱད་སྟོང་བདང་། དུས་རབས༡༤ནས༡༥བར་དུ་བྲིས་ཤིང་། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་ཉར་བའིསྒྲ་སྦྱོར་བམ་གཉིས། ཡོན་རྒྱལ་རབས་དུས་ཀྱི་གསེར་བྲིས་མ་སྟེ། བོད་ལྗོངས་གཞིས་རྩེའི་ས་ཁུལ་དུ་ཡོད་པའི་ས་སྐྱ་དགོན་པར་ཉར་བའི་འགྲོ་མགོན་འཕགས་པའི་བཀའ་གདམསསོགས་གནའ་གཞུང་རྩ་ཆེན་བཅས་འདུས་ཡོད་པ་མ་ཟད། གཞན་བོད་རང་སྐྱོང་ལྗོངས་ནོར་བུ་གླིང་གར་ཉར་བའི་ཆིང་རྒྱལ་རབས་ཀྱི་རྒྱལ་པོ་ཆན་ལུང་ལོ༢༤བའི་དུས་སུ་བརྐོས་པའིཐེག་ཆེན་ཚེ་དཔག་མེད་ཀྱི་མདོཞེས་པ་ཡང་ཡིག་རིགས་སྣ་མང་གི་གནའ་གཞུང་ཉར་ཚགས་ཀྱི་མིང་ཐོ་སྐོར་གཉིས་པའི་ནང་དུ་བགྲང་པ་རེད།

    ངོ་སྤྲོད་བྱས་པ་ལྟར་ན། བཀའ་བསྟན་ལསབཀའ་འགྱུརདང་གསོ་རིག་གི་གཞུང་ཆེནརྒྱུད་བཞིསོགས་གཙོ་བྱས་པའི་བོད་ཡིག་གི་དཔེ་རྙིང༦རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་ཐོསྐོར་དང་པོའི་གྲས་སུ་བདམས་པ་རེད། གཞན་ཡང་ཚེས༡༡ཉིན་འཚོགས་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་དུ་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ༢༡ཀྱང་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་སྐོར་གསུམ་པའི་ཚབ་བྱེད་རྒྱུད་འཛིན་པའི་མིང་ཐོར་དྲངས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།