༄༅།། མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཆུའུ་སུམ་ཅུའི་སློབ་གྲྭའི་ཆེད་བཙུགས་ལས་རྐང་ལ་དགེ་རྒན་སྟོང་གཅིག་དང་ས
ད་ལོའི་རང་ཞིང་གི་ཆེད་བཙུགས་ལས་རྐང་ལ་དགེ་རྒན་བསྡུ་བའི་ཆ་རྐྱེན་ནི། མཐོ་རིམ་དགེ་ཐོན་སློབ་གྲྭ་དང་ཉིན་ཧྲིལ་བོའི་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱིས་མའི་ད་ལོར་མཐར་ཕྱིན་པའི་དངོས་གཞིའི་སློབ་མ་དང་། ཡང་ན་ཉིན་ཧྲིལ་བོའི་ལུགས་ཀྱི་མཐོ་རིམ་དགེ་ཐོན་སློབ་གྲྭའི་རིགས་ཀྱི་ད་ལོར་མཐར་ཕྱིན་པའི་ཆེད་སྦྱོང་སློབ་མ། དགེ་རྒན་གྱི་ཐོབ་ཐང་བླངས་ཡོད་པ་དང་། སློབ་ཁྲིད་ཀྱི་ཉམས་མྱོང་ངེས་ཅན་ལྡན་པ། ལོ་སུམ་ཅུ་མན་ཡིན་པ་སོགས་ཀྱི་ཆ་རྐྱེན་འཛོམ་ན་བསྡུ་ལེན་བྱེད་པར་གཟིགས་སྐྱོང་སྟེར་རྒྱུ་རེད།
ད་ལོའི་ཆེད་བཙུགས་ལས་རྐང་དགེ་རྒན་ལ་རྒྱུགས་སྤྲོད་པར་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ༦པའི་ཚེས་༡༥ཉིན་ནས་ཚེས༢༤ཉིན་བར་ཡིན་པ་དང་། མིང་ཐོ་འགོད་ས་ནི་མཚོ་སྔོན་དགེ་ཐོན་སློབ་གྲྭའི་སློབ་མའི་ལས་དོན་གཞུང་སྒྲུབ་ཐོག་ཁང་ཆེན་མོ་རེད། རྒྱུགས་སྤྲོད་མཁན་ཚོས་ཟླ༧པའི་ཚེས༨ཉིན་དང་ཚེས༩་ཉིན་གཉིས་ལ་མཚོ་སྔོན་དགེ་ཐོན་སློབ་གྲྭའི་སློབ་མའི་ལས་དོན་གཞུང་སྒྲུབ་ཐོག་ཁང་ནས་རྒྱུགས་སྤྲོད་ཆོག་པའི་དཔང་ཡིག་ལེན་དགོས་པ་དང་། ཟླ༧པའི་ཚེས༡༡ཉིན་ཡིག་རྒྱུགས་ལེན་རྒྱུ་རེད། ཡིག་རྒྱུགས་ཀྱི་ནང་དོན་ནི་སྤྱི་པའི་རྨང་གཞིའི་ཤེས་བྱ་དང་། སློབ་གསོའི་གཞུང་ལུགས། ཆེད་ལས་ཤེས་བྱ་སོགས་ཡིན་པ་དང་། འབུམ་རམས་པ་ཡན་གྱི་ཐོབ་ཐང་ཡོད་མཁན་གྱིས་ཡིག་རྒྱུགས་ལེན་མི་དགོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com