༄༅།། སྐབས་བདུན་པའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་ཁྲིད་ཀྱི་བགྲོ་ག
བགྲོ་གླེང་ཚོགས་ར།
ཟླ༥བའི་ཚེས༢༡ཉིན། སྐབས་བདུན་པའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་ཁྲིད་ཀྱི་བགྲོ་གླེང་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་བསྡུས། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་ཡུན་ཉིན་གཉིས་ཡིན་པའི་བགྲོ་གླེང་ཚོགས་འདུའི་སྟེང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་མང་པོ་ནས་ཡོང་བའི་ཆེད་མཁས་པ་དང་འཐུས་མི་རྣམས་ཀྱིས་གཙོ་བོ་མིག་སྔར་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རིག་ཚན་འཛུགས་བསྐྲུན་གྱི་ད་ལྟའི་གནས་ཚུལ་དང་འཕེལ་རྒྱས་ཞིབ་འཇུག་སོགས་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས། དེའི་ནང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ཡོན་ཀྲང་གཞོན་པ་དགེ་རྒན་ཆེན་མོ་ཚེ་རིང་ཐར་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་དགེ་རྒན་ཆེན་མོ་བསམ་གཏན་སོགས་ཆེད་མཁས་པ་བཅུ་བདུན་གྱིས་ཆེད་དོན་གཏམ་བཤད་གནང་། གྲོས་ཞུགས་མི་སྣ་རྣམས་ཀྱིས་གཙོ་བོ་མིག་སྔར་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་རིག་ཚན་འཛུགས་བསྐྲུན་གྱི་ད་ལྟའི་གནས་ཚུལ་དང་འཕེལ་རྒྱས་ཞིབ་འཇུག བོད་སྐད་ཡིག་རྩོམ་རིག་ཆེད་ལས་དེ་མཐོ་རིམ་སློབ་གྲྭའི་སློབ་སྐར་ལམ་ལུགས་ཀྱི་བཅོས་བསྒྱུར་དང་འཚམ་པར་བྱེད་པ། བོད་སྐད་ཡིག་རྩོམ་རིག་ཆེད་ལས་སྤུས་ཚད་དཔྱད་འཇོག་མ་ལག་འཛུགས་པར་བསམ་གཞིགས་བྱེད་པ། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སྤུས་ལེགས་བསླབ་ཚན་འཛུགས་སྐྲུན་བྱེད་པའི་ད་ལྟའི་གནས་ཚུལ་དང་ཉམས་མྱོང་། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བསླབ་ཚན་ལེགས་བཅོས་བྱེད་པའི་མ་ལག་ཞིབ་འཇུག བོད་སྐད་ཡིག་རྩོམ་རིག་ཆེད་ལས་ལག་ལེན་སློབ་ཁྲིད་བཅོས་བསྒྱུར་འཚོལ་ཞིབ་སོགས་གྲོས་གཞིར་ལ་དམིགས་ནས་གྲོས་བསྡུར་བྱས། གྲོས་ཞུགས་མི་སྣ་རྣམས་ཀྱིས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཡིག་ཆ་ལྟེ་གནས་ལ་ལྟ་སྐོར་བྱས་པ་དང་། བོད་སྐད་ཡིག་སློབ་གསོའི་གནས་ཚུལ་སོགས་ལ་ལྟ་སྦྱོང་བྱས། ཚོགས་འདུ་གྲོལ་རྗེས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་ཁྲིད་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་བདུན་པའི་ཟིན་བྲིས་གནད་བསྡུས་སྤེལ་བར་མ་ཟད། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་ཁྲིད་ཀྱི་བགྲོ་གླེང་གྲོས་ཚོགས་སྐབས་བརྒྱད་པ་གཙོ་བསྒྲུབ་བྱེད་པའི་ལས་ཁུངས་དང་དུས་ཚོད། ས་གནས་སོགས་གཏན་འཁེལ་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com