《བཀྲ་ཤིས་མཇལ་དར—བོད་ཀྱི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཆེ་མོ》དེ་ཧྲང་ཧའེ་རུ་འགྲེམས་སྟོན་ཐོག་མ་དེ་བྱ་རྒྱ

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་ཉེན་རེའི་ཚགས་པར། དུས་ཚོད།:2008-01-02 10:13:57 ཀློག་གྲངས།:

   

    ལོ་གཉིས་གྲ་སྒྲིག་བྱས་པའིབཀྲ་ཤིས་མཇལ་དརབོད་ཀྱི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཆེ་མོཟླ་བཅུ་གཉིས་ཚེས་བཅུ་གསུམ་ཉིན་ཧྲང་ཧའེ་རུ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་མ་ཟད་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བོད་ཀྱི་རིག་གནས་སྐོར་གཉེར་བའི་གཞི་ཁྱོན་ཆེ་ཤོས་དང་དུས་ཚོད་རྒྱུན་མཐུད་རིང་ཤོས་ཀྱི་འགྲེམས་སྟོན་ཞིག་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།བཀྲ་ཤིས་མཇལ་དརབོད་ཀྱི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཆེ་མོའིནང་བོད་ཀྱི་དམངས་སྲོལ་རིག་གནས་གཙོ་བོར་བྱེད་པ་དང་བོད་ཀྱི་ལོ་རྒྱུས་དང༌།    རིག་གནས། སྒྱུ་རྩལ། ཡུལ་ལྗོངས། ཆོས་ལུགས་སོགས་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད། འགྲེམས་སྟོན་བྱེད་པའི་ནང་དོན་ནང་ཡང་རྩེའི་འགྲུལ་བཞུདབོད་དུ་སྐྱོད་པ་དང༌།    ས་མཐོ་ས་གཤིནདམངས་སྲོལ་གོམས་འདྲིས།  ཡིད་དབང་འཕྲོག་པའི་བོད་ལྗོངསདེང་སྐབས་ཀྱི་ཐང་ག རྩེར་སོན་སྒྱུ་རྩལ་མཉམ་རོལསྲོལ་རྒྱུན་གྱི་སྒྱུ་རྩལ། བོད་བརྒྱུད་ནང་བསྟན་སྒྱུ་རྩལརྡུལ་ཚོན་གྱིས་བཞེངས་པའི་དཀྱིལ་འཁོར། རྣམ་པར་བཀྲ་བའི་རྒྱན་གོསམི་རིགས་ཀྱི་གྱོན་ཆས།  བློ་གྲོས་ཀྱི་སྙིང་བཅུདབོད་ཀྱི་གསོ་བ་རིག་པ་བཅས་དང་དེ་བཞིན་གར་ཉམསསྲོལ་རྒྱུན་གྱི་དམངས་ཁྲོད་གླུ་གར་སོགས་ཚུད་ཡོད།

    ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགསཀྱིས་གཙོ་གཉེར་བྱས་པའི་བྱེད་སྒོ་འདི་རྒྱལ་ཡོངས་སུ་སྐོར་སྐྱོད་འགྲེམས་སྟོན་བྱ་རྒྱུ་ཡིན་ཞིང༌།  ད་རེས་ཧྲང་ཧའེ་རུ་འགྲེམས་སྟོན་ཐོག་མ་བྱས་རྗེས་ཧྲེན་ཀྲེན་དང༌། ཅང་སུའུ། པེ་ཅིང་སོགས་སུ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་དང་འགྲེམས་སྟོན་དེ༢༠༡༠ལོར་མཇུག་སྒྲིལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།