《གངས་ཅན་མཐོ་སྒང་གི་ལོ་རྒྱུས་སྙན་ངག་རིག་གནས》དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
གེ་སར་སྒྲུང་གི་ཆེད་ལས་མཁས་པ་གཅོད་པ་དོན་གྲུབ་ལགས་ཀྱིས་བརྩམས་པའི《གངས་ཅན་མཐོ་སྒང་གི་ལོ་རྒྱུས་སྙན་ངག་རིག་གནས---གེ་སར་སྒྲུང་དང་མཚོ་སྔོན》ཞེས་པ་ཉེ་སྔོན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་བསྐྲུན་འགྲེམ་སྤེལ་བྱས།
དེབ་འདི་ནི་རྩོམ་པ་པོ་གཅོད་པ་དོན་གྲུབ་ལགས་ཀྱིས་གེ་སར་སྒྲུང་གི་ཞིབ་འཇུག་བྱ་བར་ཧུར་ཐག་འབད་འབུངས་དང་སེམས་ཤུགས་ཉམས་མེད་ཀྱིས་འཚོལ་ཞིབ་གནང་བ་རྒྱ་ཡིག་གི་ལམ་ནས་བརྩམས་པའི་འབྲས་རྟགས་ཤིག་ཡིན་པ་དང་། རང་རྒྱལ་གྱི་མིང་དུ་གྲགས་པའི་གེ་སར་སྒྲུང་གི་རིག་གནས་ཆེད་མཁས་པ་དང་། བོད་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་དཔེ་དེབ་འདིར་མགོ་བརྗོད་བྲིས་གནང་མཛད་ཡོད། ནང་དོན་གྱི་ཆ་ནས་གེ་སར་སྒྲུང་གི་གོ་དོན་དང་། གེ་སར་སྒྲུང་གི་འབྱུང་ཡུལ། སྒྲུང་བ་ངོ་སྤྲོད། གེ་སར་ཤུལ་བཞག་དངོས་པོ། གེ་སར་སྒྲུང་གི་ཟློས་གར་ལ་སོགས་ལེའུ་བཅུ་གཅིག་ཏུ་བགོས་ནས་རྒྱས་བཤད་བྱས་ཡོད་ལ། ནང་དོན་ནི་དོན་དངོས་དང་བྲལ་བའི་སྟོང་བཤད་ཙམ་དང་། དཔེ་ཆ་ལས་བཤུས་ཏེ་ཕྱིར་དཔེ་ཆའི་ནང་དུ་བཀོད་པ་མིན་པར། རིག་གཞུང་གི་ལམ་ནས་རིག་པའི་གཞུང་ལུགས་ཀྱི་སྤྱི་མཚན་དུ་བཀོད་པའི་གྲོས་གླེང་ཏེ། སེམས་ནང་གི་བརྩེ་བ་ཕྱིར་མངོན་ཞིང་། ཤ་ཁྲག་རུས་གསུམ་གྱིས་གྲུབ་འདུག
དེབ་འདིར་ཁྱད་ཆོས་ཕྱོགས་བཞི་ཙམ་ལྡནཏེ། གཅིག་ནས་རྩོམ་པ་པོས་བོད་རིགས་ཀྱི་དཔའ་བོའི་ལོ་རྒྱུས་གེ་སར་སྒྲུང་ནང་གི་ནང་དོན་གཙོ་བོ་དང་སྙིང་བཅུད་སྐོར་ལ་རིགས་བགར་བ་དང་ཕྱོག་བསྡུས་ཀྱི་སྒོ་ནས་བརྗོད་ཡོད་པ། གཉིས་ནས་རྩོམ་པ་པོ་ཁོ་རང་ཉིད་ནི་འབྲོག་ཁུལ་ནས་ནར་སོན་པའི་བོད་རིགས་རྣལ་མ་ཞིག་སྟེ། བོད་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་ཟབ་མོ་ཡོད་པའི་ཡོན་ཏན་པ་ཞིག་ཡིན་ཞིང་། ལྷག་པར་དུ་གེ་སར་སྒྲུང་ལ་ཞིབ་འཇུག་ཡུན་རིང་གནང་ནས་རྒྱུ་ཆ་ཐོག་མ་རྙེད་མཁན་དང་། དེབ་འདི་ནང་གི་ས་མིང་དང་མི་མིང་། མཁར་རྫོང་གི་མིང་། མཚོན་ཆའི་མིང་བཅས་ནང་དོན་གཙོ་བོ་དང་ཚིག་སྦྱོར་གྱི་ཐད་ནས་ཅུང་འཐུས་སྒོ་ཚང་ལ་ཚད་ལྡན་ཡིན་པ། གསུམ་ནས་རྩོམ་པ་པོས་ཚད་མི་འདྲ་བའི་ཀློག་པ་པའི་དགོས་དངོས་ལ་དམིགས་ནས། ལོ་རྒྱུས་དང་འབྲེལ་བའི་གཏིང་ཟབ་པའི་ནང་དོན་ཞིབ་བརྗོད་བྱས་ཡོད་ལ། གོ་བདེ་ཤེས་སླ་བའི་ངག་རྒྱུན་གཏམ་རྒྱུད་ཀྱང་དྲངས་ཡོད། སྒྲུང་ལས་བྱུང་བའི་ལོ་རྒྱུས་མི་སྣ་ངོ་སྤྲོད་བྱས་ཡོད་ལ། དེང་རབས་ཀྱི་མིང་དུ་གྲགས་པའི་སྒྲུང་པ་དག་ལ་དཔྱད་བརྗོད་ཀྱང་གནང་ཡོད། བཞི་ནས་བལྟ་མཁན་ཚོའི་དཔེ་ཀློག་རང་བཞིན་དང་བྲོ་བའི་རང་བཞིན་ཇེ་མཐོར་གཏོང་ཆེད་དུ། རྩོམ་པ་པོས་ཆེད་དུ་ཡིད་དབང་འགུག་པའི་རི་མོ་སྐོར་ཞིག་བར་བཅུག་བྱས་པ་དེས་རྩྭ་ཐང་དུ་མེ་ཏོག་སྣ་བརྒྱ་བཞད་པ་ལྟ་བུར་བརྒྱན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com