སྐབས་བཞི་བའི་མཐོ་རམས་པའི་དམ་བཅའ་འཇོག་པའི་མཛད་སྒོ་ནང་བསྟན་སློབ་གླིང་དུ་སྤེལ་བ།
དཔང་བཞུགས་རྣམ་པ་དང་རྒྱུགས་སྤྲོད་ལ་ཞུགས་མཁན་གྱི་དགེ་བཤེས་རྣམས་ཆོས་རར་ཕེབས་བཞིན་པ།
དགེ་ལུགས་པའི་དཔང་བཞུགས་རྣམས་ཀྱིས་སེམས་ཞིབ་མོས་དམ་བཅའ་བ་དང་རིགས་ལུང་བའི་རིགས་པའི་བརྒལ་རྟགས་ལ་གསན་བཞིན་པ།
བཀའ་བརྒྱུད་པའི་དཔུང་བཞུགས་རྣམས་ཀྱིས་སེམས་ཞིབ་མོས་དམ་བཅའ་བ་དང་རིགས་ལུང་བའི་རིགས་པའི་བརྒལ་རྟགས་ལ་གསན་བཞིན་པ།
དགེ་ལུགས་པའི་དམ་བཅའ་བ་བླ་བྲང་དགོན་པའི་དགེ་བཤེས་དཀོན་མཆོག་རྒྱ་མཚོ་མཆོག
༢༠༠༨ལོའི་ཟླ༡༡པའི་ཚེས་༡༥ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་སྐབས་བཞི་བའི་མཐོ་རམས་པའི་དམ་བཅའ་འཇོག་པའི་མཛད་སྒོ་ནང་བསྟན་སློབ་གླིང་དུ་དངོས་སུ་འགོ་བརྩམས་པ་ཡིན་ཞིང་། ཉིན་དེར་གཙོ་བོ་གྲུབ་མཐའ་གཉིས་ཀྱི་རྩོད་པ་ལས་མེད། བཀའ་བརྒྱུད་པའི་གྲུབ་མཐའ་དང་དགེ་ལུགས་པའི་གྲུབ་མཐའ་གཉིས་ཏེ། བཀའ་བརྒྱུད་པའི་གྲུབ་མཐའ་ཞེས་པ་ནི་བོད་དུ་དར་བའི་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་ལྔའི་ཡ་གྱལ་ཞིག་ཡིན་ཞིང་། གྲུབ་ཆེན་ཏེ་པོ་ལ་ནས་བརྒྱུད་པའི་བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་ཡིན་པས་ན་བཀའ་བརྒྱུད་པ་ཞེས་གྲགས་པ་ཡིན་ལ། དགེ་ལུགས་པའི་གྲུབ་མཐའ་ཞེས་པ་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་ཡབ་སྲས་ཀྱིས་སྲོལ་བཏོད་མཛད་པའི་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་རིང་ལུགས་འཛིན་མཁན་རྗེས་འབྲངས་དང་བཅས་པ་ལ་གོ་ཞིང་། དགེ་ལུགས་པའི་གྲྭ་བ་ཡོངས་ཀྱི་ཆོས་གོས་དང་ཞྭ་མོ་སེར་པོ་ཡིན་པས་ཞྭ་སེར་བསྟན་པའང་ཟེར་ལ་དགེ་ལྡན་པ་ཟེར་བའང་ཡོད།
དམ་བཅའ་བ་བླ་བྲང་དགོན་པའི་དགེ་བཤེས་དཀོན་མཆོག་རྒྱ་མཚོ་དང་རིགས་ལུང་བ་རྔ་བ་སྒོ་མང་དགོན་པའི་དགེ་བཤེས་རབ་རྒྱས་རྣམ་གཉིས་ཀྱིས་མཚན་ཉིད་རྩོད་པ་གནང་བཞིན་པ།
དམ་བཅའ་བ་ཡུན་ནན་དངོས་གྲུབ་གླིང་གི་དགེ་བཤེས་བློ་བཟང་ཐུབ་བསྟན་མཆོག
ཐོག་མར་བསྡུས་གྲྭ་ཞེས་བྱ་བའི་འབྲེལ་ཡོད་ཤེས་བྱ་ལ་རྒྱུས་ལོན་ཅུང་ཟད་ཅིག་བྱས་ན། ཐ་སྙད་འདི་གླེང་མ་ཐག་ཐོག་མར་ང་ཚོས་ཡིད་ལ་དབང་མེད་དུ་དྲན་འོངས་པ་ནི་དེ་ཉིད་སྲོལ་བཏོད་མཁན་གྱི་སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེང་གེ་མཆོག་ཡིན་ཞིང་། སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེང་གེ་ནི་དབུ་མ་དང་ཚད་མར་ཤིན་ཏུ་མཁས་པའི་སྙན་གྲགས་ཡོད་པ་ཞིག་ཡིན། ཁོང་ནི་རབ་བྱུང་གཉིས་པའི་ས་གླང་ལོར་ཕྱྭ་ཞེས་པའི་ཡུལ་ད་ལྟའི་ལྷ་སའི་གྲོང་ཁྱེར་སྟག་རྫོང་ལ་མོ་ཆུས་ཀྱི་ཁོངས་སུ་བལྟམས། རབ་བྱུང་གསུམཔ་འི་ས་གླང་ལོར་སྐུ་གཤེགས། ཁོང་སྐུ་ན་ཆུང་དུས་ནས་ཐུགས་རིག་གསལ་ཞིང་མགུར་སྣ་ཚོགས་གསུང་བར་ཧ་ཅང་མཁས་པ་ཡིན་པས། དགེ་བཤེས་རྒྱ་དམར་བས་ཁོང་རང་ཉིད་ཀྱི་དྲུང་ནས་ཚད་མ་དང་དབུ་མ་གནས་སྦྱོང་གནང་། ཞང་ཚེ་སྤོང་ཆོས་ཀྱི་བླ་མའི་དྲུ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com