༢༠༠༨ལོའི་པེ་ཅིང་གི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་འཚོགས་པ།
ཟླ༡༠ཚེས༡༤ཉིན་གྱི་སྔ་དྲོར། པེ་ཅིང་དུ་ཡོད་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་༢༠༠༨ལོའི་པེ་ཅིང་གི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་བོད་རིག་པའི་མཁས་པ་༢༢༠ཙམ་གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཡོད་གཏམ་བཤད་ལ་གསན་པ་རེད།
གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཆེད་མཁས་པ།
རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཆེད་མཁས་པས་བསམ་བློ་བརྗེ་རེས་གནང་བ།
ཕྱི་རྒྱལ་ནས་ཕེབས་པའི་བོད་རིག་ཆེད་མཁས་པས་གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོའི་གཏམ་བཤད་ལ་གསན་པ།
གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོའི་གཏམ་བཤད་ལ་ནན་ཏན་གྱིས་གསན་པའི་བོད་རིག་པའི་ཆེད་མཁས་པ།
ཤེས་གསལ་ལྟར་ན། ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་བཅས་མཉམ་འབྲེལ་གྱིས་གཉེར་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com