༄༅།།མཚོ་སྔོན་གྱི་གཟུགས་མེད་རིག་གནས་ཤུལ་རྫས་ཨའོ་རྩལ་འགྲན་ཚོགས་ཀྱི་འགྲེམས་སྟོན་ནང་དུ་འཇུག་རྒྱུ་རེད།
ད་ལོར་པེ་ཅིན་གྱི་ཨའོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་སྐབས་སུ། ཨོ་ལིན་ཕིག་སྤྱི་གླིང་ལྟེ་གནས་ཀྱི་སྤྱི་པའི་ས་ཁོངས་སུ་“ཀྲུང་གོའི་གཏམ་རྒྱུད”ཅེས་པའི་རིག་གནས་འགྲེམས་སྟོན་བྱེད་རྒྱུ་ཡིན་ཞིང་།པེ་ཅིན་ཨའོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གཟུགས་མེད་རིག་གནས་ཤུལ་རྫས་ཀུན་གྱི་འདྲེན་བྱེད་ཟུང་གི་དཔྱིད་དུ་ངོམ་པའི་“ཀྲུང་གོའི་གཏམ་རྒྱུད”་ཅེས་པའི་ཡ་གྱལ་ཞིག་ཡིན་པ་གཏན་འཁེལ་བྱས་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་བྱེད་པའི་དམིགས་ཡུལ་ནི་པེ་ཅིན་གྱི་ཨའོ་རྩལ་འགྲན་ཚོགས་སྐབས་སུ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་སོགས་ལ་རང་ས་གནས་ཀྱི་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་དང་དམངས་ཁྲོད་སྒྱུ་རྩལ་འགྲེམས་སྟོན་བྱེད་ས་ཞིག་མཁོ་སྤྲོད་བྱེད་རྒྱུ་དང་། འགྲེམས་སྟོན་ཐོག་ཏུ་ཀྲུང་གོའི་ས་ཁུལ་སོ་སོའི་གཟུགས་མེད་རིག་གནས་ཤུལ་རྫས་དང་། མི་རིགས། དམངས་སྲོལ། དམངས་ཁྲོད་བཅས་ཀྱི་སྲོལ་རྒྱུན་རིག་གནས་ཀུན་ལེགས་པར་བཤམས་ཏེ་པེ་ཅིན་ཨའོ་རྩལ་འགྲན་ཚོགས་སུ་ཞུགས་པའི་རྒྱལ་ཁབ་སོ་སོའི་དཔོན་པོ་དང་། ལུས་རྩལ་པ། ཀྲུང་ཕྱིའི་གསར་འགོད་པ། གཞན་ཡང་རྒྱ་ཆེ་བའི་ཀྲུང་ཕྱིའི་ལྗོངས་རྒྱུ་བ་རྣམས་ལ་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་ལོ་རྒྱུས་དང་། འཕེལ་རྒྱས་ཕྱིན་ཚུལ། གཅིག་ནས་གཅིག་ཏུ་བརྒྱུད་ཚུལ་སོགས་ཕྱོགས་མང་པོ་ཞིག་གི་ཆ་ནས་སྟོན་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com