༄༅།།རྡོ་རྗེ་ཚེ་རིང་གིས་རིག་དངོས་སྲུང་སྐྱོབ་ལས་དོན་ལེགས་པར་བསྒྲུབ་དགོས་པའི་སྐོར་ནན་གྱིས་གསུངས་པ་རེད།

རྩོམ་པ་པོ།:ཚེ་བརྟན ཡོང་ཁུངས།:བོད་ལྗོངས་རིག་གནས་དྲ་བ། དུས་ཚོད།:2007-12-26 13:20:06 ཀློག་གྲངས།:

    ཚེས་༢༨ཉིན་གྱི་ཕྱི་དྲོར་ལྷ་སར་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ལས་དོན་སྐོར་གྱི་གྲོས་ཚོགས་འཚོགས་ཤིང་།ཐེངས་འདིའི་གྲོས་ཚོགས་ཐོག་ཏུ་༢༠༠༧ལོའི་རིག་དངོས་ལས་དོན་ལ་སྤྱི་བསྡོམས་ཕྱིར་དྲན་གནང་བ་དང་།༢༠༠༨ལོའི་ལས་ཀ་སོ་སོའི་ལས་འགན་བཀོད་སྒྲིག་བྱེད་པའི་ཐད་ལ་ཞིབ་འཇུག་གནང་བ་རེད།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་སྐུ་གཞོན་རྡོ་རྗེ་ཚེ་རིང་གིས་གསུང་བཤད་གནང་ཅིང་།བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན་ལིའུ་ཆིང་ཧུའེ་གྲོས་ཚོགས་སུ་ཞུགས་ཡོད་པ་རེད།
ཚོགས་ཐོག་ཏུ་ཐོག་མར་༢༠༠༧ལོའི་རིག་དངོས་བདེ་འཇགས་ཡོང་བ་དང་ཆ་འཕྲིན་སྐོར་གྱི་ལས་དོན་སྒྲུབ་པར་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་གནང་བ་རེད།བོད་རང་སྐྱོང་ལྗོངས་རིག་དངོས་ཅུད་ཀྱི་ཅུད་ཀྲང་གཡུ་ཟླ་བས་སྙན་ཞུ་ཕུལ་ཚར་རྗེས། རྡོ་རྗེ་ཚེ་རིང་གིས་༢༠༠༧ལོའི་བོད་ལྗོངས་ཀྱི་རིམ་པ་ཁག་གི་རིག་དངོས་སྡེ་ཚན་དག་གིས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པར་གདེང་འཇོག་ལེགས་པོ་གནང་ཡོད་པ་རེད།

    ཚོགས་འདུའི་མཇུག་བསྒྲིལ་རྗེས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུད་ཀྱི་ཅུད་ཀྲང་གཡུ་ཟླ་བས་ད་དུང་ས་གནས་དང་གྲོང་ཁྱེར་གྱི་རིག་གནས་(རིག་དངོས)ཅུད་བདུན་གྱི་འགོ་ཁྲིད་རྣམ་པས་༢༠༠༨ལོའི་བདེ་འཇགས་ཡོང་བའི་སྐོར་གྱི་ཁུར་འཁྲིའི་ཡིག་ཆའི་སྟེང་དུ་མིང་རྟགས་འགོད་དུ་བཅུག་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།