ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ༄༅།།རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་དངོས་ཤུལ་བཞག་སྐོར་ཁག་གཉིས་པོའི་མིང་ཐོ་སྤྱི་བསྒྲགས་བྱས་པ་རེད།
༄༅།།རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་དངོས་ཤུལ་བཞག་སྐོར་ཁག་གཉིས་པོའི་མིང་ཐོ་སྤྱི་བསྒྲགས་བྱས་པ་རེད།
རྩོམ་པ་པོ།:ཚེ་བརྟན
ཡོང་ཁུངས།:བོད་ལྗོངས་རིག་གནས་དྲ་བ།
དུས་ཚོད།:2007-12-26 10:18:57
ཀློག་གྲངས།:
དུས་ཡུན་ཉིན་༣༠རིང་ལ་འཚོགས་པའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་དངོས་ཤུལ་བཞག་སྐོར་ཁག་གཉིས་པའི་མིང་ཐོ་སྤྱི་བསྒྲགས་བྱེད་པའི་ཚོགས་འདུའི་མཇུག་རྫོགས་ཤིང་། བོད་ལྗོངས་ཀྱིས་ཡར་ཞུ་བྱས་པའི་བོད་ཀྱི་གནམ་རིག་སྐར་རྩིས་དང་། ལྷ་སའི་འདམ་གཞུང་གི་རྟ་རྒྱུག་འགྲན་ཚོགས་སོགས་རྣམ་གྲངས་དུ་མ་ཞིག་གསར་དུ་བདམས་པའི་སྤྱི་བསྒྲགས་ཀྱི་གྲས་སུ་བཞག་པ་རེད།
རིག་གནས་པུའུ་ཡིས་«རྒྱལ་ཁབ་རིམ་པའི་རིག་དངོས་ཤུལ་བཞག་སྐོར་ཁག་གཉིས་པའི་ཚབ་བྱེད་རིག་དངོས་ཡར་ཞུ་བྱས་ཏེ་དཔྱད་བསྡུར་གཏན་འབེབས་བྱེད་པའི་སྐབས་སྤྱོད་བྱེད་ཐབས་»ཞེས་པའི་བླང་བྱ་གཞིར་བཟུང་ཞིང་། འབྲེལ་ཡོད་ཆེད་ལས་མཁས་པ་སྒྲིག་འཛུགས་བྱས་ནས་ཞིབ་དཔྱད་བྱ་བའི་ཚད་གཞི་ལྟར་རྒྱལ་ཡོངས་ཀྱི་ཞིང་ཆེན་༣༡དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཞིན་ཅང་གི་ཐོན་སྐྱེད་འཛུགས་སྐྲུན་བྱེད་པའི་དཔུང་ཤོག ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དང་། ཀྲུང་གོའི་ཐད་གཏོགས་ལས་ཁུངས་བཅས་ཀྱིས་ཡར་ཞུ་བྱས་པའི་རྣམ་གྲངས་༢༥༤༠ལ་དཔྱད་བསྡུར་གྲོས་ཞིབ་མཛད་པ་རེད། རྒྱལ་ཁབ་རིམ་པའི་རིག་དངོས་ཏེ་གཟུགས་མེད་རིག་དངོས་ཤུལ་བཞག་གི་མིང་ཐོ་དཔྱད་བསྡུར་གཏན་འབེབས་བྱེད་པའི་ཨུ་ཡོན་ལྷན་ཁང་གིས་ལས་གཞི་དེའི་རིན་ཐང་ལ་གཞིགས་ནས་ནན་ཏན་གྱིས་ཞིབ་བསྡུར་བྱས་ཤིང་ཚན་རིག་དང་མཐུན་པའི་སྒོ་ནས་ངོས་འཛིན་གཏན་འབེབས་བྱས་པའི་ཁར། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་ཁག་གཉིས་པའི་མིང་ཐོ་མཚམས་སྦྱོར་བྱས་ཤིང་། དེའི་ནང་དུ་གསར་བདམས་རིག་དངོས་༥༦༤ཡོད་པས། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་ཁག་དང་པོའི་མིང་ཐོ་ ༡༣༤ཇེ་མང་དུ་བཏང་བ་རེད། ཟླ་༤ཚེས་༢༤ཉིན་རིག་གནས་པུའུ་ཡི་གཞུང་ལས་ཐིང་གིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་ཁག་གཉིས་པའི་མིང་ཐོ་སྤྱི་བསྒྲགས་བྱས་ཤིང་། སྤྱི་བསྒྲགས་བྱེད་ཡུན་ཉིན་༣༠ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།