༄༅།།རང་རྒྱལ་གྱི་གཟུགས་མེད་རིག་དངོས་ཤུལ་རྫས་ལ་སྲུང་སྐྱོབ་ནན་མོ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

རྩོམ་པ་པོ།:ཚེ་བརྟན ཡོང་ཁུངས།:བོད་ལྗོངས་རིག་གནས་དྲ་བ། དུས་ཚོད།:2007-12-22 14:43:24 ཀློག་གྲངས།:

གཟུགས་མེད་རིག་དངོས་ཤུལ་རྫས་ནི་མི་རིགས་སོ་སོའི་མི་རབས་ནས་མི་རབས་བར་དུ་བརྒྱུད་ཅིང་།  མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པའི་སྲོལ་རྒྱུན་གྱི་རིག་གནས་སྣ་ཚོགས་ཀྱི་མཚོན་སྟངས་(དམངས་སྲོལ་གྱི་བྱ་བྱེད།  འཁྲབ་སྟོན་སྒྱུ་རྩལ།  སྲོལ་རྒྱུན་གྱི་ཤེས་བྱ་དང་ལག་རྩལ།  དེ་མིན་འབྲེལ་ཡོད་ཀྱི་ཡོ་ཆས་དང་། དངོས་རྫས།  ལག་བཟོས་ཐོན་རྫས་སོགས་)དང་རིག་གནས་ཀྱི་བར་སྟོང་ཞིག་ཡིན།
        ༢༠༠༣ལོའི་ལོ་འགོར་རྒྱལ་ཁབ་ཀྱིས་ཀྲུང་གོའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྲུང་སྐྱོབ་བྱེད་པ་ཞེས་པའི་ལས་གཞི་ལག་ལེན་དུ་བསྟར་བའི་ཚུན་ལ།  སྲིད་གཞུང་གིས་མི་རིགས་ཀྱི་དམངས་ཁྲོད་དུ་དར་བའི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་བྱེད་པར་ཧ་ཅང་མཐོང་ཆེན་གནང་ཞིང་། རིག་གནས་སྡེ་ཚན་གྱིས་རྨང་གཞི་འདིང་བའི་ལས་ཀ་མང་པོ་ཞིག་བསྒྲུབས་པ་དང་། དེ་ཡང་དཔེར་ན།  རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་རྫས་སྐོར་ཁག་དང་པོའི་རྣམ་གྲངས་སོགས་ལ་ཞིབ་བཤེར་བྱས་ནས་གཏན་ལ་ཕབ་པ་ལྟ་བུ་ཡིན་ལ།  ཡིན་ན་ཡང་། རང་རྒྱལ་གྱི་གཟུགས་མེད་རིག་དངོས་ཤུལ་རྫས་ལ་མཚོན་ན་ཉིན་རེ་བཞིན་ཉམས་རྒུད་དུ་འགྱུར་བའི་ཉེན་ཁ་ལ་འཕྲད་ཡོད་ཅིང་།  ངག་ནས་བརྒྱུད་པ་དང་ལུས་ཀྱིས་བརྒྱུད་པའི་རིག་གནས་ཤུལ་རྫས་ཁག་ཅིག་ད་ལྟ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་།  སྲོལ་རྒྱུན་གྱི་ལག་རྩལ་འབོར་ཆེན་ཉམས་དམུས་སུ་འགྲོ་བཞིན་ཡོད་པའི་ཁར།  རང་སྣང་གང་དྲན་གྱིས་བག་མེད་དུ་སྤྱོད་པ་དང་།  གཟུགས་མེད་རིག་གནས་ཤུལ་རྫས་བསྔོག་འདོན་ཐལ་དྲག་བྱེད་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པས།  སྲུང་སྐྱོབ་བྱེད་པར་དཀའ་ངལ་མང་ པོ་ཞིག་མཆིས་ལ། སྤྱིའི་ཆ་ནས་བཤད་ན་གཤམ་གྱི་གནད་དོན་འདི་དག་བྱུང་ཡོད།


    གཅིག   གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་ཚན་རིག་དང་མཐུན་པའི་འདུ་ཤེས་མེད་པ་ཡིན།

   གཉིས།   གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཐད་ནས་ཕན་ཁེ་དོན་དུ་གཉེར་བའི་བསམ་སྦྱོར་ཞིག་བྱུང་ཡོད།

   གསུམ།   གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་ནང་འབྲེལ་ལམ་ལུགས་ཆ་ཚང་ཞིག་མེད་པ་རེད།


གནས་ཚུལ་དེར་དམིགས་ནས་བསམ་འཆར་ཡང་འདི་བཏོན་པ་ཡིན་ཏེ།
     ༡、ནང་འབྲེལ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།  གཟུགས་མེད་རིག་གནས་ཤུལ་རྫས་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་སྒྲིག་ཁྲིམས་དོན་ཐོག་ཏུ་འཁྱོལ་དགོས།
    ༢、 སྲུང་སྐྱོབ་ནན་མོ་བྱེད་པ་དང་། གཟུགས་མེད་རིག་གནས་ཤུལ་རྫས་སྲུང་སྐྱོབ་བྱེད་པ་དྲང་ལམ་དུ་འགྲོ་བར་ཁག་ཐེག་བྱེད་དགོས།
    ༣、 ཆེད་ལས་ཟློས་གར་ཚོགས་པས་གཟུགས་མེད་རིག་གནས་ཤུལ་རྫས་སྲུང་སྐྱོབ་བྱེད་པར་ཕན་པའི་བགྱི་བ་དོན་དུ་གཉེར་་དགོས།
    ༤、རྒྱུད་འཛིན་བྱེད་པར་སྐུལ་ལྕག་བཏབ་ནས་དམངས་ཁྲོད་ཀྱི་སྟོབས་ལེགས་པར་འདོན་དགོས།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།