ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ༄༅།།བོད་ལྗོངས་སློབ་ཆེན་དུ་བོད་སྐད་རིག་ནུས་སྐད་གདངས་ལག་རྩལ་ཞིབ་འཇུག་གསར་སྤེལ་ཉེར་སྤྱོད་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་བ།
༄༅།།བོད་ལྗོངས་སློབ་ཆེན་དུ་བོད་སྐད་རིག་ནུས་སྐད་གདངས་ལག་རྩལ་ཞིབ་འཇུག་གསར་སྤེལ་ཉེར་སྤྱོད་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་བ།
རྩོམ་པ་པོ།:པད་མ་རྒྱལ་གྱིས་བསྒྱུར།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2019-12-31 10:43:13
ཀློག་གྲངས།:

ཚོད་ལྟ་ཁང་དེ་བོད་ལྗོངས་ཀའོ་ཁྲེ་དང་། བོད་ལྗོངས་སློབ་ཆེན། ཁོ་ཏཱ་ཤུན་ཧྥེ་བཅས་ལས་ཁུངས་གསུམ་གྱིས་ཐུན་མོང་ཐོག་བཙུགས་པ་ཞིག་ཡིན་ཞིང་། མིག་སྔར་ཕྱོགས་གསུམ་པོས་ཐུན་མོང་ཐོག་གསར་སྤེལ་བྱས་པའི་གྲུབ་འབྲས“བོད་ཀྱི་ལོ་ཙཱ་ཀུན་ཁྱབ”ཀྱི་ཐོན་རྫས་སྤྱོད་འགོ་ཚུགས་པ་རེད།
“ང་ཚོ་དང་བོད་ལྗོངས་སློབ་ཆེན་དབར་མཉམ་ལས་བྱས་ནས་ལོ་བརྒྱད་དགུ་ལྷག་སོང་ཡོད་ཅིང་། དུས་ཡུན་རིང་བོའི་ནང་བོད་ཀྱི་སྐད་ཡིག་ཚན་ཁག་གི་བོད་སྐད་ཀྱི་རྒྱུ་ཆ་མང་པོ་བསགས་ཡོད་པ་དང་། དཔྱད་གཞིའི་ཡིག་མཛོད་དུ་སྐད་ཆའི་ཚིག་རྐང་ཁྲི་400ལྷག་ཙམ་ཡོད”ཅེས་ཁོ་ཏཱ་ཤུན་ཧྥེ་བོད་ལྗོངས་ཡན་ལག་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་པ་དབྱང་ལིས་དེ་ལྟར་ངོ་སྤྲོད་བྱས།
“ང་ཚོས་མིག་སྔར་ཆུ་ཚོད་སྟོང་ལྷག་ཙམ་གྱི་སྐད་ཆའི་རྒྱུ་ཆ་གསོག་འཇོག་བྱས་ཏེ་ཨ་མདོ་དང་། ཁམས་པ། དབུས་གཙང་སོགས་ཀྱི་ཕལ་སྐད་དུ་ཁྱབ་ཡོད་པ་དང་། སྐད་ཆའི་རྒྱུ་ཆའི་ཡིག་མཛོད་ཀྱི་གསར་སྒྱུར་ཐད་དྲ་རྒྱའི་ཐ་སྙད་གསར་པ་རྒྱུན་ཆད་མེད་པར་བསྡུ་ལེན་བྱེད་ཀྱིན་ཡོད། དུས་མཚུངས་སུ་སྐད་ཆའི་ཡིག་མཛོད་ཁང་གི་ཐག་གཅོད་ཐད་ནས་སློབ་གླིང་གིས་སློབ་མ་མང་པོ་ཞུགས་པར་སྐུལ་ལྕག་བཏང་སྟེ། སྐད་ཡིག་རྒྱུ་ཆའི་དུས་འགོའི་ཐག་གཅོད་དང་དུས་མཇུག་གི་དཔྱད་འཇོག་ཐད་ནས་སློབ་གྲོགས་ཚོས་བྱས་རྗེས་ཆེན་པོ་བཞག་ཡོད་པས། སློབ་མའི་ཆེད་ལས་རྩལ་ནུས་ཀྱི་སྦྱོང་བརྡར་ལའང་ཕན་ཐོགས་ཆེན་པོ་ཡོད”ཅེས་བོད་ལྗོངས་སློབ་ཆེན་གྱི་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲའོ་ཆི་ཅུན་གྱིས་དེ་ལྟར་བཤད།
བོད་ལྗོངས་ཀའོ་ཁྲེ་ནི“བོད་ཀྱི་ལོ་ཙཱ་ཀུན་ཁྱབ”ཀྱི་ཐོན་རྫས་ལས་གཉེར་བྱེད་མཁན་ཡིན་ཞིང་། དེའི་འགན་འཁུར་བ་ལི་ཡུན་ཚུང་གིས་བཤད་རྒྱུར། “‘བོད་ཀྱི་ལོ་ཙཱ་ཀུན་ཁྱབ’དེ་དྲ་ཐོག་ཏུ་ཁྱབ་སྤེལ་བྱས་པ་ནས་བཟུང་ཕབ་ལེན་བྱེད་ཚད་ཐེངས་ཁྲི8ལྷག་ཙམ་ཟིན་པ་དང་། དེའི་ནང་དོན་ཆབ་སྲིད་དང་། འགྲིམ་འགྲུལ། སྨན་བཅོས། རིག་གནས་སོགས་ཀྱི་ཁྱབ་ཁོངས་ཀྱི་རྒྱུན་སྤྱོད་ཀྱི་ཐ་སྙད་ལ་ཁྱབ་ཡོད་པས། མིག་སྔར་ཡི་གེ་དབྱེ་འབྱེད་ཐད་ནས་གནད་ལ་འཁེལ་ཚད90%ཟིན་པ་དང་། སྐད་གདངས་དབྱེ་འབྱེད་ཀྱི་གཞན་སྒྱུར་ཡི་གེའི་གནད་ལ་འཁེལ་ཚད70%ནས་80%བར་ཟིན་གྱི་ཡོད”ཅེས་བཤད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།