ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > སྡེབ་སྦྱོར་རིག་པའི་དམར་ཁྲིད་ངག་གི་དཔལ། དཔའ་རིས་སློབ་བུའི་རྣ་བའི་བུ་རམ་གྱུར།
སྡེབ་སྦྱོར་རིག་པའི་དམར་ཁྲིད་ངག་གི་དཔལ། དཔའ་རིས་སློབ་བུའི་རྣ་བའི་བུ་རམ་གྱུར།
རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-08-19 09:04:24
ཀློག་གྲངས།:
2020ལོའི་ཟླ་8་པའི་ཚེས་9ནས་ཚེས་14བར་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་དཔའ་རིས་སངས་རྒྱས་ཚང་གདན་དྲངས་ཏེ་སྡེབ་སྦྱོར་རིག་པ་དང་རྒྱ་བོད་ཡིག་ལོ་ཙཱ།རྟགས་འཇུག་སྐོར་གྱི་རྩ་ཚིག་དང་དཀའ་གནད་འབྱེད་པའི་མན་ངག་གི་དམར་ཁྲིད་གནང་།བོད་ཡིག་དགེ་རྒན་དང་ལས་བྱེད་མི་སྣ་བརྒྱད་ཅུ་ལྷག་བསླབ་ལ་ཞུགས།།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་དཔའ་རིས་སངས་རྒྱས།ཐེངས་འདིར་ངེད་ཅག་ལ་སྡེབ་སྦྱོར་དང་རྟགས་འཇུག་གི་དཔེ་ཁྲིད་རེ་གནང་དགོས་པའི་རེ་བ་ཞུས་རྗེས་ཁོང་གིས་ཐུགས་དགྱེས་པའི་ངང་དང་དུ་བླངས་ཏེ་ཁྲིད་གཞི་སྟ་གོན་གནངས། །ཁོང་གིས་ཐེངས་འདིར་ངེད་ཅག་ལ་ཁྲིད་གཞི་གསུམ་ཐུགས་བཀོད་གནང་ཡོད་དེ་སྡེབ་སྦྱོར་སྲོལ་འབྱེད་ངག་གི་རོལ་མཚོ་ཞེས་པ་དང་བོ་དང་།བྱ་བ་རིགས་གསུམ་གྱི་རྣམ་དབྱེ་དང་རྟེན་འབྲེལ་དང་ལྟོས་བཅོས་ཀྱི་འགྱུར་ལུགས་རྒྱས་པར་བཤད་པ་ཞེས་པ་གཉིས་པ།འགྱུར་ལྔའི་རྒུད་མུན་སེལ་བར།།ལོ་ཙཱའི་ཚད་མ་ར་རག་ལས་ཅེས་པ་དང་བཅས་གསུམ་ཡོད།
དེ་དག་རེ་རེའི་ནང་དོན་མདོར་ཙམ་གཤམ་ནས་བརྗོད་པར་བྱའོ།།ཁོང་གིས་བརྩམས་པའི་ཁྲིད་དེབ་ལས་སྡེབ་སྦྱོར་གཞུང་ལུགས་མ་བྱུང་ཡང་།།བོད་སྐད་རང་ལ་མེད་པ་མིན།ཚོགས་གསུམ་གསལ་བའི་སྤྲིན་རིམ་ལས།།སྡེབ་སྦྱོར་རིག་པའི་གློག་ཞགས་འཁྱུགས།།ཞེས་གསུངས་པ་བཞིན་བོད་ཀྱི་སྐད་ཆ་དང་སྔོན་བྱོན་མཁས་པའི་ཕྱག་རྩོམ་མང་བོ་ལས་བག་ལ་ཉལ་བའི་སྡེབ་སྦྱོར་རང་ཞུགས་སུ་ཆགས་ཡོད་དེ།གཞུག་རབས་རྣམས་ཀྱིས་དེ་ལ་ཕྱོགས་སྒྲིག་དང་ཞིབ་འཇུག་བྱས་མེད་པ་མ་གཏོགས་བོད་ལ་སྐད་ཡིག་དང་མཐུན་པའི་སྡེབ་སྦྱོར་རིག་པ་གནའ་ནས་དར་ཡོད་ཅེས་ལུང་མང་བོ་དྲངས་ནས་འགྲེལ་རྒྱབ།དེ་ཡང་ཁོང་གིས་བོད་ཀྱི་སྡེབ་སྦྱོར་རིག་པ་ནི།།སྲིད་དུ་ཆགས་ས་རྟགས་འཇུག་ཡིན།།ཞེས་གསུངས་པ་ལྟར་སྡེབ་སྦྱོར་གྱི་ཤེས་བྱ་རྩ་བ་བོ་རྟགས་འཇུག་ཡིན་པ་བསྟན་ཡོད་པས་རྟགས་ཀྱི་འཇུག་པ་སྦྱངས་ནས་བྱང་བར་བྱུང་ན་སྡེབ་སྦྱོར་རིག་པའི་སྒོ་ཆེན་ཕྱེད་བྱུང་བ་དང་གཅིག་མཚུངས་ཡིན་པའི་མན་ངག་བསྟན་ཡོད།།ཁོང་གི་ཁྲིད་གཞི་ལས་རྒྱ་བོད་སྐད་རིགས་གཉིས་ཀྱི་སྡེབ་སྦྱོར་མི་གཅིག་ཚུལ་དང་སྐད་རིགས་གཉིས་ཀྱི་དབྱངས་གསལ་ཁྱད་པར།ཡི་གེའི་དང་མིང་དང་ཚིག་གི་ཕྲད་སོགས་ཀྱི་སྒྲ་གྲགས་ཞན་བར་གསུམ་གྱི་སྦྱོར་ཚུལ་དང་སྙན་ངག་གི་སྡེབ་ལེགས་པ་དཔེ་དང་སྦྱར་ནས་ཞིབ་ཅིང་ཕྲ་བའི་ངང་ནས་གསལ་བོར་བསྟན་ཡོད་པས། རྫོང་ཡོངས་ཀྱི་བོད་ཡིག་དགེ་རྒན་དང་བོད་སྐད་ཡིག་བྱ་བ་སྒྲུབ་མཁན་རྣམས་ཤེས་གསལ་བ་གཅིག་ནི་རྣ་བའི་བདུད་རྩིར་གྱུར་པའི་དཔེ་ཁྲིད་འདི་འདྲ་ཞུགས་པའི་སྐལ་བ་ལྡན་པ་རང་གི་ལས་བསོད་ནམས་ཡིན་པས་ཀུན་གྱིས་གཡེལ་བ་དང་རྣམ་གཡེང་རིང་དུ་དོར་ཏེ་རྒྱུད་ལ་ངེས་ཅི་ཐུབ་བྱེད།
དེ་མིན་ཁོང་གིས་བོད་ལ་བྱ་བ་རིགས་གསུམ་ཡོད་ཚུལ་དང་དེ་དག་ཕན་ཚུན་ཇི་ལྟར་རྟེན་ཅིང་འབྲེལ་བ་བྱུང་ཚུལ་སོགས་རྒྱུན་མཁོའི་སྐད་ཆ་དང་མཁས་པའི་གསུངས་རྩོམ་གྱི་བཞེད་ཚུལ་དྲངས་ནས་གསལ་བཤད་གནངས།འདི་ནི་ཁོང་གིས་ལོ་མང་བོས་ཞིབ་འཇུག་གི་གྲུབ་འབྲས་མི་དམན་པ་ཞིག་ཡིན་ལ་རྟགས་འཇུག་གི་བདག་གཞན་དུས་གསུམ་དང་བྱ་ཚིག་གི་རྣམ་གཞག་དང་བཅས་པ་ད་རག་བར་གསལ་ཁ་ཐོན་མེད་པའམ་བཞེད་ཚུལ་སྣ་མང་ཉོག་སེ་བ་བྱུང་ཡོད་པར་གཞིགས་ནས་རྟགས་འཇུག་གི་གཞུང་མང་བོར་ཞིབ་འཇུག་མཐར་ཐུག་པ་བཏང་རྗེས་གོ་སླ་ལ་ཁ་གསལ་ཞིང་།ལུང་རིགས་གཉིས་ཀྱི་རྟགས་གྲུབ་ཡོད་པའི་མུན་སེལ་སྒྲོན་མེའི་བསླབ་དེབ་དུ་མ་བརྩམས་ནས་དཔེ་སྐྲུན་བྱས་ཡོད་པར་མཁས་པ་གང་མང་གིས་ཁེས་ལེན་ཞིང་སློབ་གྲྭ་ཆེན་མོའི་ཁྲིད་དེབ་དུ་བཀོད་ཡོད།།
མཐར་གཞུག་དགེ་རྒན་ཆེན་མོས་དེང་སང་གི་སྒྱུར་མ་དག་པའི་གནས་ཚུལ་མང་བོ་དཔེ་དང་བསྡུར་ནས་ལོ་ཙཱའི་དག་ཆ་ཇི་ལྟར་ཐོན་དགོས་རྒྱུ་དཔེ་རེ་རེ་དྲངས་ནས་ལོ་ཙཱའི་སྐོར་གྱི་མན་ངག་གནང་ནས་བསླབ་ལ་ཞུགས་པ་ཀུན་གྱིས་དོགས་གཞི་ཆོད་བྱུང་།
རྒན་དཔའ་རིས་སངས་རྒྱས་ཚང་དགུང་གྲངས་དགུ་བཅུ་ལྷག་ཐོན་ཡོད།སྐུ་ཚེ་ཧྲིལ་བོར་བོད་རིག་པ་ཞིབ་འཇུག་དང་སློབ་མ་བསྐྱེད་སྲིང་གི་འཕྲིན་ལས་རྩེ་གཅིག་ཏུ་འབད་པ་དང་རིག་གཞུང་གི་གྲུབ་འབྲས་གཡུར་ཟ་བ་ཐོབ་ནས་བོད་ཁམས་ཡོངས་སུ་མཚན་སྙན་གྲགས་ཤིང་ཁོང་ཉིད་གཞུང་རྒྱུད་དྲང་བས་སློབ་བུ་ལ་ཕ་མ་བུ་ཕྲུག་བསྐྱངས་པ་ལྟ་བུའི་ལྷག་བསམ་དཀར་པོ་བཅངས་ནས་ཤེས་བྱའི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་སྦ་གསང་དང་ལྷག་ཆད་སྤུ་ཙམ་མེད་པར་གནངས།མདོ་དབུས་ཁམས་གསུམ་གྱི་སློབ་མ་མི་ཉུང་བས་ཁོང་ཉིད་ལ་ནམ་ཡང་བཀའ་དྲིན་སྙིང་ནས་དྲན་ཞིང་རྗེས་སུ་ཡི་རང་བྱས་ཡོད།དེ་ནས་སློབ་བུ་ལ་ལས་ཀུ་རེས་ཚུལ་གྱིས་དཔའ་རིས་སངས་རྒྱས་སངས་རྒྱས་ངོ་མ་ཡིན།སློབ་བུ་བསྐྱངས་པའི་ལྷག་བསམ་དུང་ལས་དཀར་ཞེས་བསྟོད་པའང་བྱེད་བཞིན་ཡོད།།


དེ་དག་རེ་རེའི་ནང་དོན་མདོར་ཙམ་གཤམ་ནས་བརྗོད་པར་བྱའོ།།ཁོང་གིས་བརྩམས་པའི་ཁྲིད་དེབ་ལས་སྡེབ་སྦྱོར་གཞུང་ལུགས་མ་བྱུང་ཡང་།།བོད་སྐད་རང་ལ་མེད་པ་མིན།ཚོགས་གསུམ་གསལ་བའི་སྤྲིན་རིམ་ལས།།སྡེབ་སྦྱོར་རིག་པའི་གློག་ཞགས་འཁྱུགས།།ཞེས་གསུངས་པ་བཞིན་བོད་ཀྱི་སྐད་ཆ་དང་སྔོན་བྱོན་མཁས་པའི་ཕྱག་རྩོམ་མང་བོ་ལས་བག་ལ་ཉལ་བའི་སྡེབ་སྦྱོར་རང་ཞུགས་སུ་ཆགས་ཡོད་དེ།གཞུག་རབས་རྣམས་ཀྱིས་དེ་ལ་ཕྱོགས་སྒྲིག་དང་ཞིབ་འཇུག་བྱས་མེད་པ་མ་གཏོགས་བོད་ལ་སྐད་ཡིག་དང་མཐུན་པའི་སྡེབ་སྦྱོར་རིག་པ་གནའ་ནས་དར་ཡོད་ཅེས་ལུང་མང་བོ་དྲངས་ནས་འགྲེལ་རྒྱབ།དེ་ཡང་ཁོང་གིས་བོད་ཀྱི་སྡེབ་སྦྱོར་རིག་པ་ནི།།སྲིད་དུ་ཆགས་ས་རྟགས་འཇུག་ཡིན།།ཞེས་གསུངས་པ་ལྟར་སྡེབ་སྦྱོར་གྱི་ཤེས་བྱ་རྩ་བ་བོ་རྟགས་འཇུག་ཡིན་པ་བསྟན་ཡོད་པས་རྟགས་ཀྱི་འཇུག་པ་སྦྱངས་ནས་བྱང་བར་བྱུང་ན་སྡེབ་སྦྱོར་རིག་པའི་སྒོ་ཆེན་ཕྱེད་བྱུང་བ་དང་གཅིག་མཚུངས་ཡིན་པའི་མན་ངག་བསྟན་ཡོད།།ཁོང་གི་ཁྲིད་གཞི་ལས་རྒྱ་བོད་སྐད་རིགས་གཉིས་ཀྱི་སྡེབ་སྦྱོར་མི་གཅིག་ཚུལ་དང་སྐད་རིགས་གཉིས་ཀྱི་དབྱངས་གསལ་ཁྱད་པར།ཡི་གེའི་དང་མིང་དང་ཚིག་གི་ཕྲད་སོགས་ཀྱི་སྒྲ་གྲགས་ཞན་བར་གསུམ་གྱི་སྦྱོར་ཚུལ་དང་སྙན་ངག་གི་སྡེབ་ལེགས་པ་དཔེ་དང་སྦྱར་ནས་ཞིབ་ཅིང་ཕྲ་བའི་ངང་ནས་གསལ་བོར་བསྟན་ཡོད་པས། རྫོང་ཡོངས་ཀྱི་བོད་ཡིག་དགེ་རྒན་དང་བོད་སྐད་ཡིག་བྱ་བ་སྒྲུབ་མཁན་རྣམས་ཤེས་གསལ་བ་གཅིག་ནི་རྣ་བའི་བདུད་རྩིར་གྱུར་པའི་དཔེ་ཁྲིད་འདི་འདྲ་ཞུགས་པའི་སྐལ་བ་ལྡན་པ་རང་གི་ལས་བསོད་ནམས་ཡིན་པས་ཀུན་གྱིས་གཡེལ་བ་དང་རྣམ་གཡེང་རིང་དུ་དོར་ཏེ་རྒྱུད་ལ་ངེས་ཅི་ཐུབ་བྱེད།

དེ་མིན་ཁོང་གིས་བོད་ལ་བྱ་བ་རིགས་གསུམ་ཡོད་ཚུལ་དང་དེ་དག་ཕན་ཚུན་ཇི་ལྟར་རྟེན་ཅིང་འབྲེལ་བ་བྱུང་ཚུལ་སོགས་རྒྱུན་མཁོའི་སྐད་ཆ་དང་མཁས་པའི་གསུངས་རྩོམ་གྱི་བཞེད་ཚུལ་དྲངས་ནས་གསལ་བཤད་གནངས།འདི་ནི་ཁོང་གིས་ལོ་མང་བོས་ཞིབ་འཇུག་གི་གྲུབ་འབྲས་མི་དམན་པ་ཞིག་ཡིན་ལ་རྟགས་འཇུག་གི་བདག་གཞན་དུས་གསུམ་དང་བྱ་ཚིག་གི་རྣམ་གཞག་དང་བཅས་པ་ད་རག་བར་གསལ་ཁ་ཐོན་མེད་པའམ་བཞེད་ཚུལ་སྣ་མང་ཉོག་སེ་བ་བྱུང་ཡོད་པར་གཞིགས་ནས་རྟགས་འཇུག་གི་གཞུང་མང་བོར་ཞིབ་འཇུག་མཐར་ཐུག་པ་བཏང་རྗེས་གོ་སླ་ལ་ཁ་གསལ་ཞིང་།ལུང་རིགས་གཉིས་ཀྱི་རྟགས་གྲུབ་ཡོད་པའི་མུན་སེལ་སྒྲོན་མེའི་བསླབ་དེབ་དུ་མ་བརྩམས་ནས་དཔེ་སྐྲུན་བྱས་ཡོད་པར་མཁས་པ་གང་མང་གིས་ཁེས་ལེན་ཞིང་སློབ་གྲྭ་ཆེན་མོའི་ཁྲིད་དེབ་དུ་བཀོད་ཡོད།།

མཐར་གཞུག་དགེ་རྒན་ཆེན་མོས་དེང་སང་གི་སྒྱུར་མ་དག་པའི་གནས་ཚུལ་མང་བོ་དཔེ་དང་བསྡུར་ནས་ལོ་ཙཱའི་དག་ཆ་ཇི་ལྟར་ཐོན་དགོས་རྒྱུ་དཔེ་རེ་རེ་དྲངས་ནས་ལོ་ཙཱའི་སྐོར་གྱི་མན་ངག་གནང་ནས་བསླབ་ལ་ཞུགས་པ་ཀུན་གྱིས་དོགས་གཞི་ཆོད་བྱུང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།