ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ༄༅།།དགེ་རྒན་ཆེན་མོ་སྐལ་ལོ་ལགས་ཀྱིས་མཚོ་ལྷོའི་མཐོ་འབྲིང་བོད་སྐད་ཡིག་དགེ་རྒན་རྣམས་ལ་འཆད་ཁྲིད་གནང་བ།
༄༅།།དགེ་རྒན་ཆེན་མོ་སྐལ་ལོ་ལགས་ཀྱིས་མཚོ་ལྷོའི་མཐོ་འབྲིང་བོད་སྐད་ཡིག་དགེ་རྒན་རྣམས་ལ་འཆད་ཁྲིད་གནང་བ།
རྩོམ་པ་པོ།:རིག་བུ་ཟླ་བྷེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-12-17 08:56:51
ཀློག་གྲངས།:

སློབ་གསོ་ནི་མིའི་རིགས་འཕེལ་རྒྱས་ཀྱི་གྲུབ་ཆ་གཙོ་བོ་དེ་ཡིན་ལ། སློབ་གསོའི་རྩ་བའི་དམིགས་འབེན་ནི་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་བྱ་བ་དེ་ཡིན། དུས་རབས་འཕེལ་འགྱུར་གྱི་རླུང་རླབས་དགོད་པའི་དེང་གི་དུས་འདིར་སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་དེའང་དུས་རབས་དང་མཐུན་པར་ལེགས་བཅོས་སུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་ཡིན། དེ་བས་མཚོ་ལྷོ་ཁུལ་སློབ་གསོ་ཅུས་མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་བྱ་བ་གཙོ་གནད་དུ་བཟུང་ཞིང་། དེར་མཐུན་གྱི་སྲིད་ཇུས་དང་ཐབས་ཇུས་རབ་དང་རིམ་པ་དངོས་བསྟར་སྒོས་སློབ་ཁྲིད་བཅོས་བསྒྱུར་གྱི་བྱ་བ་ཤུགས་སྣོན་གང་ལེགས་བགྱི་བཞིན་ཡོད། ཐེངས་འདིར་ཡང་ཁུལ་སློབ་གསོ་ཞིབ་འཇུག་ཁང་གིས་ཡང་དག་པའི་མཛུབ་ཁྲིད་འོག མཚོ་ལྷོ་ཁུལ་མཐོ་འབྲིང་བོད་སྐད་ཡིག་མཚན་ལྡན་དགེ་རྒན་ལས་སྒྲུབ་ཁང་གིས་སྤྱི་ཟླ༡༢ཚེས༡༤ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐད་གཏོགས་ལས་ཁུངས་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་བསྒྱུར་ཁང་གི་དགེ་རྒན་ཆེན་མོ་སྐལ་ལོ་ལགས་གདན་དྲངས་ནས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་རུ་ཉིན་གཉིས་ཀྱི་རིང་ལ《མཐོ་འབྲིང་བོད་སྐད་བསླབ་ཚན་ཚད་གཞིའི་དགོངས་དོན་དང་མཐོ་རྒྱུགས་འཕེལ་ཕྱོགས་སྐོར་གླེང་བ》ཞེས་པ་བརྗོད་གཞིར་བྱས་པའི་འཆད་ཁྲིད་ཀྱི་བྱ་འགུལ་སྤེལ། མཚོ་ལྷོ་ཁུལ་གྱི་མི་རིགས་མཐོ་འབྲིང་སོ་སོ་ནས་འབྱོར་བའི་བོད་སྐད་ཡིག་དགེ་རྒན༥༠ལྷག་འཆད་ཁྲིད་ལ་ཞུགས།



སྤྱི་ལོ༢༠༢༠ལོའི་ཟླ༡༢ཚེས༡༦ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།