ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་ཁྱོན་ཡོངས་ནས་མགོ་བརྩམས་པ།
མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་ཁྱོན་ཡོངས་ནས་མགོ་བརྩམས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-10-11 14:28:28
ཀློག་གྲངས།:
ཟླ6པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ཏང་ཙུའུ་ཧུའུ་ཅིའམ་ཐིང་ཀྲང་ཧྲེན་ཧོང་ཞིང་གིས«མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱུགས་ལེན་སློབ་སྡུད་ཕྱོགས་བསྡུས་བཅོས་སྒྱུར་ཇེ་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི»ཡི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་ལས་ཁུངས་སྒྲིག་བཟོ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་སློབ་གསོ་སློབ་སྡུད་རྒྱུགས་ལེན་གླིང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཡུལ་དངོས་སུ་གསར་འགོད་པའི་དྲི་བར་ལན་བཏབ་སྟེ། ཧུར་ཐག་གིས་དོ་ཁུར་བྱེད་དོན་ལ་ལན་བསློགས།
ཞིང་ཆེན་སློབ་གསོ་ཐིང་གི་གཙོ་འགན་འཁུར་བའི་བློ་མཐུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལྟར། མཚོ་སྔོན་གྱིས2022ལོར་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་སྤེལ་མགོ་བརྩམས། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས«མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱུགས་ལེན་སློབ་སྡུད་ཕྱོགས་བསྡུས་བཅོས་སྒྱུར་ཇེ་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི»པར་འགྲེམས་བྱས་པ་ལས། རང་ཞིང་གི་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་ཕྱོགས་ཡོངས་ནས་མགོ་བརྩམས་པ་མཚོན།
རྒྱུས་ལོན་བྱས་པ་ལྟར་ན། རང་ཞིང་གིས2022ལོའི་སྟོན་དུས་སློབ་ཞུགས་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མ་ནས་བཟུང་སྟེ་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱུགས་ལེན་སློབ་སྡུད་ཕྱོགས་བསྡུས་བཅོས་སྒྱུར་མགོ་བརྩམ་རྒྱུ་རེད། 2025ལོར་སླེབས་སྐབས། རྒྱུགས་ལེན་རིགས་དབྱེ་དང་། ཕྱོགས་བསྡུས་གདེང་འཇོག སྣ་མང་སྡུད་ལེན་བཅས་ཀྱི་རྒྱུགས་ལེན་སློབ་སྡུད་ལམ་ལུགས་ཕལ་ཆེར་གྲུབ་པས། དྲང་གཞག་དང་། ཚན་རིག་དང་མཐུན་པའི་ཤེས་ལྡན་མི་སྣ་བདམས་པ། ལྟ་སྐུལ་ནུས་ལྡན་བཅས་ཀྱི་མཐོ་སློབ་དཀྱུས་མའི་རྒྱུགས་ལེན་སློབ་སྡུད་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དང་སྐུལ་འདེད་གཏོང་རྒྱུ་རེད།
བཅོས་སྒྱུར་མགོ་བརྩམས་རྗེས། རིག་ཚན་ལུགས་ཚན་དགར་བ་མེད་པར་བཟོ་བ་དང་། མཐོ་རྒྱུགས་ཁྲིད་ཚན་སྒྲིག་འགོད་བཅོས་སྒྱུར། གདམ་གསེས་རང་བཞིན་གྱི་རྒྱུགས་ལེན་ཁྲིད་ཚན་རྒྱུགས་འབྲས་དེ་མཐོ་སློབ་སློབ་སྡུད་སྤྱིའི་རྒྱུགས་འབྲས་ནང་བརྩི་རྒྱུ་དང། མཐོ་རིམ་ལས་རིགས་སློབ་གླིང་གི་རྒྱུགས་ལེན་སློབ་སྡུད་དང་དངོས་གཞི་དཀྱུས་མའི་སློབ་གསོ་རྒྱུགས་ལེན་སློབ་སྡུད་གཉིས་ལྟོས་བཅས་ཀྱིས་བཀར་ཏེ། གཅིག་གྱུར་མཐོ་རྒྱུགས་དང་མཐོ་འབྲིང་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་གྲུབ་འབྲས་དང་། ཕྱོགས་བསྡུས་བྱང་ཚད་གདེང་འཇོག་དཔྱད་གཞིར་བྱས་པའི་སྣ་མང་སློབ་སྡུད་རྣམ་པ་གཞི་འཛིན་ས་འཛུགས་རྒྱུ་རེད།
མཐོ་འབྲིང་དཀྱུས་མའི་སྦྱངས་འབྲས་ཆུ་ཚད་རྒྱུགས་སྤྲོད་ལམ་ལུགས་བཅོས་སྒྱུར་འཐུས་ཚང་དུ་གཏོང་བ། མཐོ་འབྲིང་དཀྱུས་མའི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་དེ་ཚད་མཐུན་རང་བཞིན་གྱི་རྒྱུགས་ལེན་དང་གདམ་གསེས་རང་བཞིན་གྱི་རྒྱུགས་ལེན་གཉིས་སུ་དབྱེ་ཡོད། ཚད་མཐུན་རང་བཞིན་གྱི་རྒྱུགས་ཀྱིས་རྒྱལ་ཁབ་མཐོ་འབྲིང་དཀྱུས་མའི་བསླབ་ཚན་ཇུས་གཞི་ནང་གཏན་འབེབས་བྱས་པའི་ངལ་རྩོལ་སློབ་གསོ་དང་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་བསླབ་ཚན་ཕུད་པའི་ཁྲིད་ཚན14རུ་ཁེབས་ཡོད། དེའི་རྒྱུགས་འབྲས་མཐོ་འབྲིང་སློབ་མ་མཐར་ཕྱིན་པ་དང་དེ་དང་འབྲེལ་བའི་མཐོ་འབྲིང་རིམ་པའི་སྦྱངས་ཚད་གཞི་འཛིན་ས་གཙོ་བོ་བྱེད་རྒྱུ་རེད། གདམ་གསེས་རང་བཞིན་གྱི་རྒྱུགས་ལེན་ཁྲོད་བསམ་བློ་ཆབ་སྲིད་དང་། ལོ་རྒྱུས། ས་ཁམས། དངོས་ལུགས། རྫས་འགྱུར། སྐྱེ་དངོས་རིག་པ་བཅས་ཁྲིད་ཚན6འདུས་ཤིང་། རྒྱུགས་ལེན་སློབ་མས་རང་ཉིད་ཀྱི་སྤྲོ་བ་དང་། ཕུགས་འདུན། ཁྱད་ཡོན། མཐོ་རིམ་སློབ་གྲྭའི་ཆེད་ལས་བདམ་རྒྱུགས་ཁྲིད་ཚན་བླང་བྱ་གཞིར་བཟུང་ནས། ཐོག་མར་ལོ་རྒྱུས་དང་དངོས་ལུགས་ཁྲིད་ཚན2ཁྲོད་རང་བདག་གིས་ཁྲིད་ཚན1གདམ་གསེས་བྱས་ཏེ་ཐོག་མར་རྒྱུགས་ལེན་ཁྲིད་ཚན་དུ་འདེམས་པ་དང་། དེ་རྗེས་བསམ་བློ་ཆབ་སྲིད་དང་། ས་ཁམས། རྫས་འགྱུར། སྐྱེ་དངོས་རིག་པ་བཅས་ཁྲིད་ཚན4ཁྲོད་རང་བདག་གིས་ཁྲིད་ཚན2རྒྱུགས་ལེན་ཁྲིད་ཚན་དུ་བདམས་ཏེ། རྒྱུགས་འབྲས་དེ་མཐོ་སློབ་དཀྱུས་མའི་སློབ་སྡུད་ཀྱི་གཞི་འཛིན་ས་གལ་ཆེན་བྱས་ནས། མཐོ་རྒྱུགས་ཀྱི་སྤྱིའི་རྒྱུགས་འབྲས་སུ་བརྩི་རྒྱུ།
མཐོ་འབྲིང་དཀྱུས་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ལམ་ལུགས་ཚད་ལྡན་དུ་གཏོང་བ། གདེང་འཇོག་ནང་དོན་ཁྲོད་བསམ་བློ་ཀུན་སྤྱོད་དང་། སྦྱངས་འབྲས་ཆུ་ཚད། ལུས་ཕུང་བདེ་ཐང་། སྒྱུ་རྩལ་བྱང་ཚད། ངལ་རྩོལ་དང་སྤྱི་ཚོགས་ལག་ལེན་སོགས་ཕྱོགས5འདུས་ཏེ། དེ་ལས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་གནས་ཚུལ་དང་རང་གཤིས་ཁྱད་ཆོས་ཕྱིར་མངོན་པ་དེ་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་དཔྱད་གཞི་གལ་ཆེན་དུ་བརྩི་རྒྱུ། ཞིང་ཆེན་སློབ་གསོ་ཐིང་གིས་ཀྱང་ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ཆ་འཕྲིན་དོ་དམ་སྟེགས་བུ་འཛུགས་རྒྱུ་ཡིན་པ་དང་། བརྒྱུད་རིམ་རང་བཞིན་དང་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ཤུགས་ཆེར་བཏང་སྟེ། གདེང་འཇོག་དེ་ཕྱི་རོལ་ཡུལ་དང་མཐུན་པ་དང་། བདེན་པ་བདེན་ཐུབ། ཡང་དག་པ། ཡིད་རྟོན་རུང་བ་བཅས་ཡོང་བར་ཁག་ཐེག་བྱ་རྒྱུ་རེད།
མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱུགས་ལེན་སློབ་སྡུད་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ། 2025ལོར། མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་དོན་འཁྱོལ་བྱེད་རྒྱུ་ཡིན་པ་དང་། “3+1+2”རྒྱུགས་ལེན་རྣམ་པ་ལག་བསྟར་བྱ་རྒྱུ་རེད། རྒྱུགས་ལེན་ཁྲིད་ཚན་ཁྲོད་ཁྲིད་ཚན3རྒྱལ་ཡོངས་གཅིག་གྱུར་མཐོ་རྒྱུགས་ཁྲིད་ཚན(རྒྱ་ཡིག་དང་། རྩིས་རིག ཕྱི་སྐད།)དང་། ཁྲིད་ཚན1པོའི་སྦྱངས་འབྲས་ཆུ་ཚད་ཀྱི་གདམ་གསེས་རང་བཞིན་རྒྱུགས་ལེན་ལ་ཐོག་མར་འདེམ་པའི་ཁྲིད་ཚན(ལོ་རྒྱུས་དང་ཡང་ན་དངོས་ལུགས)། ཁྲིད་ཚན2པའི་སྦྱངས་འབྲས་ཆུ་ཚད་ཀྱི་གདམ་གསེས་རང་བཞིན་རྒྱུགས་ལེན་ལ་ཐེངས་གཉིས་པར་འདེམ་པའི་ཁྲིད་ཚན(བསམ་བློ་ཆབ་སྲིད་དང་། ས་ཁམས། རྫས་འགྱུར། སྐྱེ་དངོས་རིག་པ)ནོ། །རྒྱུགས་ལེན་སློབ་མའི་མཐོ་རྒྱུགས་སྤྱིའི་རྒྱུགས་འབྲས་སྐར་གྲངས750ཐོབ་པ་ན། དེའི་ནང་རྒྱལ་ཡོངས་གཅིག་གྱུར་མཐོ་རྒྱུགས་ཁྲིད་ཚན་གྱི་རྒྱ་ཡིག་དང་། རྩིས་རིག ཕྱི་སྐད་བཅས་ཁྲིད་ཚན3གྱི་ཐོག་མའི་རྒྱུགས་འབྲས་དེ་སློབ་མའི་སྤྱིའི་རྒྱུགས་འབྲས་སུ་བརྩི་རྒྱུ་དང་། ཁྲིད་ཚན་རེའི་ཐོབ་སྐར་ཆ་ཚང150ཡིན། ཐོག་མར་འདེམ་པའི་ཁྲིད་ཚན་གྱི་ཐོག་མའི་རྒྱུགས་འབྲས་དེ་སློབ་མའི་སྤྱིའི་རྒྱུགས་འབྲས་སུ་བརྩི་རྒྱུ་དང་། ཁྲིད་ཚན་རེའི་ཐོབ་སྐར་ཆ་ཚང100ཡིན། དེ་ནས་འདེམ་པའི་ཁྲིད་ཚན་གྱི་རིམ་པ་མི་འདྲ་བར་སྐར་གྲངས་མི་འདྲ་བ་བྱིན་པ་དེ་སློབ་མའི་སྤྱིའི་རྒྱུགས་འབྲས་སུ་བརྩི་རྒྱུ་དང་། ཁྲིད་ཚན་རེའི་ཐོབ་སྐར་ཆ་ཚང100ཡིན། མཐོ་རིམ་སློབ་གྲྭས་སློབ་མ་བསྡུ་སྐབས། ལོ་རྒྱུས་དང་དངོས་ལུགས་གཉིས་ཀྱི་རིགས་དབྱེ་ལྟར། སོ་སོར་སློབ་སྡུད་འཆར་གཞི་འགོད་པ་དང་། སོ་སོར་སློབ་སྡུད་སྐར་གྲངས་ཚད་གཞི་དབྱེ་འབྱེད་གཏན་འབེབས་བྱེད་པ། སོ་སོར་ཡིག་ཚགས་ནང་བླུགས་ནས་བསྡུ་བ། “ཆེད་ལས(རིགས)+སློབ་གླིང”ལ་མཉམ་བགྲོད་འདོད་བློ་ཡིག་ཚགས་ནང་བླུགས་ནས་བསྡུ་བའི་རྣམ་པ་ལག་ཏུ་བསྟར་རྒྱུ་རེད།
མཐོ་རིམ་ལས་རིགས་སློབ་གླིང་གི་རིགས་དབྱེའི་རྒྱུགས་ལེན་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ། ཧུར་ཐག་གིས་མཐོ་རིམ་ལས་རིགས་སློབ་གླིང་གི་རིགས་དབྱེའི་རྒྱུགས་ལེན་བཅོས་སྒྱུར་སྐུལ་འདེད་སྒོས། རིམ་གྱིས“རིག་གནས་བྱང་ཚད+ལས་རིགས་ལག་རྩལ”གྱི་གདེང་འཇོག་བྱེད་སྟངས་དང་འདེམ་སྒྲུག་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང། མཐོ་འབྲིང་དཀྱུས་མའི་མཐར་ཕྱིན་སློབ་མའི་རིག་གནས་བྱང་ཚད་གདེང་འཇོག་ལ་མཐོ་འབྲིང་སྦྱངས་འབྲས་ཆུ་ཚད་ཚད་མཐུན་རང་བཞིན་གྱི་རྒྱུགས་འབྲས་སུ་བྱེད་པ་དང། ལས་རིགས་མཐུན་འཕྲོད་རང་བཞིན་གྱི་ཚོད་ལྟའི་རྒྱུགས་ནི་མཐོ་རིམ་ལས་རིགས་སློབ་གླིང་གིས་རང་འགུལ་གྱིས་རྩ་འཛུགས་ལག་བསྟར་བྱ་རྒྱུ། འབྲིང་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མའི་རིག་གནས་བྱང་ཚད་རྒྱུགས་དེ་ཞིང་ཆེན་སློབ་གསོ་ཐིང་གིས་གཅིག་གྱུར་བཀོད་སྒྲིག་དང་། གཅིག་གྱུར་རྒྱུགས་ལེན་ཚད་གཞི་ལྟར་བསྒྲུབ་རྒྱུ་དང་། རྒྱུགས་དོན་རྩ་འཛུགས་དང་ལས་རིགས་ལག་རྩལ་ཚོད་ལྟའི་རྒྱུགས་དེ་མཐོ་རིམ་ལས་རིགས་སློབ་གླིང་གིས་རང་འགུལ་གྱིས་རྩ་འཛུགས་ལག་བསྟར་བྱ་རྒྱུ། རྒྱུགས་ལ་ཞུགས་པའི་སློབ་མ་ནི་གཅིག་གྱུར་མཐོ་རྒྱུགས་ལ་ཞུགས་ནས་མཐོ་རིམ་ལས་རིགས་སློབ་གླིང་རྒྱུ་ལམ་ལས་བགྲོད་པ་སོར་འཇོག་བྱ་རྒྱུ་དེའོ། །
ཡོང་ཁུངས། ༢༠༢༢ལོའི«བོད་ཡིག་སློབ་གསོ»དེབ་བཞི་པ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།