ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > མཚོ་ལྷོ་ཁུལ་གྱི2025ལོའི་རྒྱ་བོད་སྐད་གཉིས་ཀྱི་ནད་གཡོག་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་འཚོགས།
མཚོ་ལྷོ་ཁུལ་གྱི2025ལོའི་རྒྱ་བོད་སྐད་གཉིས་ཀྱི་ནད་གཡོག་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-10-15 08:57:49
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱི་ཁྱིམ་ལས་ལས་དོན་ཁྱབ་ཁོངས་སུ་འཇོན་མི་དཀོན་པ་དང་གོ་བརྡ་མི་འཕྲོད་པའི་དཀའ་ཁག་སེལ་བ། མི་རིགས་ས་ཁུལ་གྱི་མང་འཇོན་ཅན་གྱི་ནད་གཡོག་འཇོན་མི་གསོ་སྐྱོང་བྱེད་པ། བདེ་ཐང་རྒན་གསོ་ཞབས་ཞུའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ཆེད། ཟླ10པའི་ཚེས11ཉིན། མཚོ་ལྷོ་ཁུལ་གྱི2025ལོའི་རྒྱ་བོད་སྐད་གཉིས་ཀྱི་ནད་གཡོག་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་ཁུལ་གསར་སྤེལ་གསོ་སྐྱོང་དངོས་སྦྱོང་གླིང་དུ་མགོ་བརྩམས་པ་དང་། རང་ཁུལ་གྱི་རྫོང་ཁག་སོ་སོ་ནས་ཡོང་བའི་སློབ་མ30གསོ་སྦྱོང་འཛིན་གྲྭར་ཞུགས།
གསོ་སྦྱོང་གི་སྤུས་ཚད་ལ་ཁག་ཐེག་བྱ་ཆེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཆེད་ལས་ཀྱི་འཆད་ཁྲིད་དང་དངོས་ཞིབ་དངོས་སློབ་ཡི་སློབ་ཁྲིད་ཀྱི་རྣམ་པ་བཙུགས་ཤིང་། ཧུའུ་ཀྲུའུ་ཁྱིམ་ལས་ཚོགས་པའི་ངལ་ལས་སྤུས་རྟགས་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་བརྟེན་ནས། མཚོ་ལྷོ་ཁུལ་གྱིས་ཆེད་དུ་སྐད་གཉིས་ཀྱི་ནད་གཡོག་པའི་བདག་གཉེར་ཞབས་ཞུ་ཀུང་ཟི་བཙུགས་ཏེ། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་གདན་དྲངས་ནས་སློབ་ཁྲིད་ཀྱི་འགན་བཞེས་པ་དང་། བསླབ་ཚན་གྱི་ནང་དོན་ཐད་གཙོ་བོ་རྒན་པ་བདག་སྐྱོང་དང་བྱིས་པར་གཉོར་སྐྱོང་། སྐད་གཉིས་ཀྱི་ལམ་ནས་གོ་བརྡ་སྤྲོད་པ་སོགས་ནང་དོན་ཆེན་པོ་གསུམ་འདུས་ལ། དུས་མཚུངས་སུ་ལས་རིགས་ཀུན་སྤྱོད་དང་ཁྲིམས་ལུགས་ཤེས་བྱ། ཞབས་ཞུའི་གུས་སྲོལ་གྱི་ནང་དོན་སོགས་འདྲེས་པར་བྱས་ཏེ། སློབ་མ་རྣམས་ལ་གོ་སླ་ཞིང་སློབ་བདེ་བ། སྤྱོད་ཐུབ་པར་བྱས། དངོས་སྦྱོང་གླིང་དུ། རྒན་པའི་ནད་སྐྱོང་མལ་ཁྲི་དང་ཁྱིམ་ཚང་གི་རྣམ་པའི་དཔེ་དབྱིབས་སློབ་ཆས་སོགས་ཆེད་ལས་སྒྲིག་ཆས་ཆ་ཚང་ལ། སློབ་མ་རྣམས་ཀྱིས་རྒྱ་བོད་ཁྱིམ་ཚང་གི་རྒན་གསོ་དང་སྨན་ཁང་གི་ནད་གཡོག་སོགས་དོན་དངོས་ཀྱི་རྣམ་པར་ལད་ཟློས་བྱས་ཏེ། ལག་ལེན་དངོས་ཀྱི་ཁྲོད་ནས་སྐད་གཉིས་ཀྱི་བརྡ་སྤྲོད་པའི་ནུས་པ་དང་གནད་དོན་ཐག་གཅོད་ཀྱི་ནུས་པ་མཐོ་རུ་བཏང་བ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཁག་གིས་ད་དུང་ཞིང་ཆེན་ཕྱི་ནང་གི་རྒན་གསོའི་ལས་ཁུངས་དང་སྨན་བཅོས་ལས་ཁུངས། དེ་མིན་སྤུས་ལེགས་ཁྱིམ་ལས་ཞབས་ཞུའི་ཁེ་ལས་བཅས་ལ་འབྲེལ་འདྲིས་བྱེད་པ་དང་། མི་སྣ་དགོས་མཁོ་ཡི་གནས་ཚུལ་བསྡུ་ལེན་བྱས་ནས། སློབ་མ་རྣམས་ལ་གནད་འཁེལ་གྱི་ལས་ཞུགས་མཁོ་སྤྲོད་བྱས་ཏེ། གསོ་སྦྱོང་ནས་ལས་ཞུགས་བར་མཐུན་རྐྱེན་བསྐྲུན་ཡོད།
རྒྱ་བོད་སྐད་གཉིས་ཀྱི་ཞབས་ཞུའི་འབྲེལ་ལམ་བཙུགས་ནས་ཆེད་ལས་ལག་རྩལ་གྱིས་ལས་ཞུགས་ཀྱི་ཕུགས་བསམ་མངོན་འགྱུར་བྱས། ཐེངས་འདིའི་རྒྱ་བོད་སྐད་གཉིས་ཀྱི་ནད་གཡོག་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་ལས། རང་ཁུལ་གྱི་མང་ཚོགས་ལ་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་གསར་བ་ཞིག་བཏོད་ནས། མི་རིགས་ས་ཁུལ་གྱི་བདེ་ཐང་རྒན་གསོའི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་བཏོན། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།