མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ལ་རྒྱལ་ཡོངས་ལོ་སར་དགོང་ཚོགས་ཀྱི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-21 11:29:00 ཀློག་གྲངས།:


མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ལ་རྒྱལ་ཡོངས་ལོ་སར་དགོང་ཚོགས་ཀྱི་བྱ་དགའ་ཐོབ་པ།

          ཟླ3པའི་ཚེས17ནས་ཚེས19བར།  2012ལོའི་རྒྱལ་ཡོངས་རིག་རྩལ་དགོང་ཚོགས་དང་དཔྱིད་གསར་དུས་ཆེན་གྱི་ཁྱད་འཕགས་འཁྲབ་སྟོན་ལེགས་འདེམས་གཟེངས་བསྟོད་བགྲོ་གླེང་ཚོགས་འདུ་དེ་ཧྲིན་ཀྲིན་དུ་བསྡུས་ཤིང་།  ཐེངས་འདིའི་ལེགས་འདེམས་གཟེངས་བསྟོད་བགྲོ་གླེང་བྱ་འགུལ་དུ་འདེམས་ཞུགས་བརྩམས་ཆོས108བསྡུ་ལེན་བྱས་ཡོད།


མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ལ་རྒྱལ་ཡོངས་ལོ་སར་དགོང་ཚོགས་ཀྱི་བྱ་དགའ་ཐོབ་པ།

          ཐེངས་འདིར《2012ལོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས》ཞེས་པ་དང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི《མེ་ཏོག་སྣ་བརྒྱས་དཔྱིད་གསར་དུས་ཆེན་བསུ་བ—ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་ཀྱི2012ལོའི་དཔྱིད་གསར་ལོ་སར་སྤྲོ་ཚོགས》ཞེས་པ་གཉིས་ལ་ཁྱད་འཕགས་བྱ་དགའ་ཐོབ་ཅིང་།  མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི《གཡུ་འབྲུག་དགྱེས་གླུ—2012ལོའི་བོད་ཆུ་འབྲུག་ལོའི་རིག་རྩལ་དགོང་ཚོགས》ཞེས་པར2012ལོའི་རྒྱལ་ཡོངས་དཔྱིད་གསར་དུས་ཆེན་རིག་རྩལ་དགོང་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།


མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ལ་རྒྱལ་ཡོངས་ལོ་སར་དགོང་ཚོགས་ཀྱི་བྱ་དགའ་ཐོབ་པ།

          ལོ་རེའི་རྒྱལ་ཡོངས་དཔྱིད་གསར་དུས་ཆེན་རིག་རྩལ་དགོང་ཚོགས་དང་དཔྱིད་གསར་དུས་ཆེན་གྱི་ཁྱད་འཕགས་འཁྲབ་སྟོན་ལེགས་འདེམས་གཟེངས་བསྟོད་བགྲོ་གླེང་བྱ་འགུལ་ད་ལྟའི་བར་ཐེངས་ལྔ་ལ་སྤེལ་ཡོད་ཅིང་།  རྒྱལ་ཡོངས་མི་དམངས་ཀྱིས་གཟིགས་རྟོགས་ཆེན་པོ་གནང་བཞིན་པའི་བྱ་འགུལ་ཞིག་ཡིན་ཏེ།  འདིས་རྒྱལ་ཡོངས་བརྙན་འཕྲིན་རིག་རྩལ་གསར་སྐྲུན་ལ་ཡར་སྐུལ་བྱས་ཡོད་པར་མ་ཟད། བརྙན་འཕྲིན་ཕན་ཚུན་བར་སློབ་སྦྱོང་དང་མཉམ་འབྲེལ་བྱེད་པར་སྟེགས་བུ་ཞིག་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།