བོད་ཀྱི་ཤིང་དཔར་སྒྱུ་རྩལ་འགྲེམ་སྟོན་མི་འགྱངས་པར་ཧྲང་ཧེ་ནས་སྤེལ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-21 10:20:00 ཀློག་གྲངས།:


བོད་ཀྱི་ཤིང་དཔར་སྒྱུ་རྩལ་འགྲེམ་སྟོན་གྱི་པར་རིས།

  སི་ཁྲོན་པའོ་ཡི་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟི་སོགས་ཀྱིས་གཙོ་སྒྲུབ་བྱེད་པའི་བོད་ཀྱི་ཤིང་དཔར་འགྲེམ་སྟོན་དེ་ཟླ4བའི་ཚེས1ཉིན་ནས་ཟླ5བའི་ཚེས31ཉིན་བར་དུ་ཧྲེང་ཧེ་ནས་སྤེལ་རྒྱུ་རེད།


བོད་ཀྱི་ཤིང་བརྐོས་མཛེས་རིས་ཏེ་གནས་མཆོག

ཡེ་ཤེས་འཇམ་དབྱངས་ཀྱིས་བྲིས་པའི་ཤིང་བརྐོས་མཛེས་རིས།

  ཤིང་དཔར་གྱིས་བོད་ཀྱི་སྒྱུ་རྩལ་ཁྲོད་ཀྱི་ཕུན་སུམ་ཚོགས་པོའི་དཔེ་རིས་དང་མཛེས་དཔྱོད་ཐོན་ཁུངས་སྡུད་ལེན་བྱས་ཐོག  མི་རིགས་རང་བཞིན་དང་། ས་གནས་རང་བཞིན། དེང་རབས་རང་བཞིན། དེ་མིན་སྒྱུ་རྩལ་པའི་གསར་གཏོད་རང་བཞིན་བཅས་གསལ་ལེར་མངོན་མཚོན་བྱས་པས། མི་རིགས་འདུ་ཤེས་དང་དུས་རབས་ཀྱི་སྙིང་སྟོབས་དང་། ས་གནས་རིག་གནས་དང་ཡུལ་གཞན་གྱི་རིག་གནས། སྲོལ་རྒྱུན་དང་དེང་རབས་ཀྱི་གྲུབ་ཆ་བཅས་ཟུང་སྦྲེལ་བྱས་ཡོད། དེར་མ་ཟད་སྲོལ་རྒྱུན་བརྐོས་རིས་ཀྱི་མཛེས་དཔྱོད་ཀྱི་རྣམ་པ་ལས་ལྷག་པའི་རང་རྐྱ་འཕེར་བ་དང་། ཐ་དད་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པ། གསར་སྐྲུན་གྱི་སྟོབས་དང་ལྡན་པའི་སྒྱུ་རྩལ་གྱི་ཐབས་ལམ་གྱིས་བོད་ཀྱི་སྲོལ་རྒྱུན་གྱི་བརྐོས་རིས་ལ་ཁྱད་དུ་འཕགས་པའི་འཕེལ་རྒྱས་བྱུང་བས། མངོན་སུམ་གྱི་དོན་སྙིང་ལྡན་ཞིང་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པོ་ལྡན་པ་རེད།
  2012ལོའི་དཔྱིད་ཀའི་དུས་བཟང་འདིར་བོད་ཀྱི་ཤིང་དཔར་གྱི་བརྩམས་ཆོས་ཚར་དུ་དངར་བ་འགྲེམ་སྟོན་བྱེད་རྒྱུ་ཡིན་པས་ང་ཚོས་མིག་གི་བདུད་རྩི་རུ་འགྱུར་བའི་བོད་ཀྱི་སྒྱུ་རྩལ་གྱི་སྤྲོ་སྟོན་ཆེན་མོ་ཞིག་ལ་རོལ་ཐུབ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།