སེམས་ཀྱི་ཉི་ཟླའི་བཙུན་པ་རྣམས་ཀྱིས་རིག་པའི་གནས་ལ་རྩེ་གཅིག་ཏུ་གཞོལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-21 08:43:00 ཀློག་གྲངས།:


བཙུན་པ་རྣམས་ཀྱིས་ནན་ཏན་གྱིས་སློབ་ཁྲིད་ལ་ཉན་པ།

དགེ་རྒན་གྱིས་སྒྲ་རིག་པའི་སློབ་ཁྲིད་བྱེད་བཞིན་པ།

  ཡུན་ནན་ཞིང་ཆེན་ནང་བསྟན་སློབ་གླིང་བདེ་ཆེན་བོད་བརྒྱུད་ནང་བསྟན་ཡན་ལག་སློབ་གླིང་ནི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3300ལྷག་ཡོད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་གྲོང་ཕྱི་རུ་ཡོད། སློབ་གླིང་འདི་ནི2005ལོར་བཙུགས་པ་དང་མིག་སྔར་ཡུན་ནན་དང་། བོད་ལྗོངས། སི་ཁྲོན་སོགས་ཀྱི་ནང་བསྟན་ཆོས་སྡེ་རུ་ཡོང་བའི་བཙུན་པ40ལྷག་ཡོད་ཅིང་། ཁོང་ཚོའི་འཚོ་བའི་འགྲོ་གྲོན་དང་སློབ་ཡོན་སོགས་ས་གནས་སྲིད་གཞུང་དང་སློབ་གྲྭའི་འགན་ཁུར་གྱིན་ཡོད་ལ། གཙོ་བོ་བོད་ཡིག་དང་། རྒྱ་ཡིག  ནང་དོན་རིག་པ། སྐབས་བབ་སྲིད་དོན། དབྱིན་ཡིག  རྩིས་འཁོར་སོགས་ཀྱི་བསླབ་བྱ་སྣ་མང་སྦྱོང་བཞིན་ཡོད།
  སློབ་གྲྭ་དེ་གའི་དགེ་རྒན་སྤེན་པ་བཀྲ་ཤིས་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་བཙུན་པ་རྣམས་སློབ་སྦྱོང་ལ་བརྩོན་ཞིང་། སློབ་འབྲས་ལེགས་པོ་བླངས་ཚེ་ཁཱོན་མིན་དང་པེ་ཅིང་གི་རིམ་པ་མཐོ་ཤོས་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་དུ་འགྲོ་ཆོག་པ་རེད།


ནང་དོན་རིག་པའི་གཞུང་ལ་སློབ་སྦྱོང་བྱེད་བཞིན་པ།

དཔེ་མཛོད་ཁང་དུ་དཔེ་ཆར་ལྟ་བ།

བཙུན་པས་མལ་ཁང་དུ་སློབ་སྦྱོང་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།