ཁྲ་འགུ་དགོན་པའི་བཙུན་ཆུང་རྣམས་ཀྱིས་སློབ་པའི་ལས་ལ་བརྩོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-20 10:22:00 ཀློག་གྲངས།:


བཙུན་པ་ཆུང་ཆུང་གིས་ལག་ཟུང་ཐལ་མོ་སྦྱར་ནས་ཆོས་འདོན་པ།

བཙུན་པ་ཆུང་ཆུང་རྣམས་ཀྱིས་ནན་ཏན་གྱིས་སློབ་སྦྱོང་བྱེད་བཞིན་པ།

  ཁྲ་འགུ་བཀྲ་ཤིས་བཤད་སྒྲུབ་ཆོས་འཁོར་གླིང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་རྡལ་གྱི་ཁོངས་སུ་མངའ་ཞིང་། དགོན་པ་དེའི་ཁོངས་སུ་སློབ་ཆུང་ཞིག་བཙུགས་ཡོད་པ་དང་བཙུན་པ་ཆུང་ཆུང30ལྷག་ཡོད་པ་རེད། ཡུལ་ཤུལ་ལ་ས་ཡོམ་མ་བྱུང་བའི་སྔོན་དུ་སློབ་ཆུང་གི་བསླབ་བྱ་ལ་བོད་ཡིག་དང་། རྒྱ་ཡིག  ནང་བསྟན། དབྱིན་ཡིག  ལུས་རྩལ་སྦྱོང་བརྡར། རྩིས་འཁོར་བཅས་ཡོད་མོད། ས་ཡོམ་གྱི་གནོད་འཚེ་ཆེན་པོ་ཐེབས་པས་ཁོང་ཚོ་ཁང་ལེབ་ནང་དུ་སློབ་ཁྲིད་བྱེད་བཞིན་ཡོད་ལ། ད་སྐབས་ནང་བསྟན་དང་། བོད་ཡིག  རྒྱ་ཡིག་གསུམ་མ་གཏོགས་མེད་པ་རེད། བཙུན་པ་ཆུང་ཆུང་རྣམས་ཀྱིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། ཁོང་ཚོ་ཟ་མ་ཟ་བའི་དུས་དང་ཉིན་གུང་གྱི་ངལ་གསོ་ལས་གཞན་དུས་ཚོད་གཅིག་ནང་སྐར་མ10རུ་མ་གཏོགས་ངལ་གསོ་བྱེད་ཀྱིན་མི་འདུག  དགོན་པས་ཁོང་རྣམས་ལ་ཟ་མ་དང་སྡོད་ཁང་འདོན་སྤྲོད་བྱེད་པར་མ་ཟད། ཟླ་རེར་སིལ་དངུལ་སྟེར་གྱིན་ཡོད་པ་རེད།


བཙུན་པ་ཆུང་ཆུང་རྣམས་སློབ་ཐུན་གྲོལ་ནས་ཕྱིར་ལོག་པ།

དགེ་རྒན་དོན་གྲུབ་ཚེ་རིང་གིས་སློབ་མ་རྣམས་ཀྱི་ལས་བྱར་ལྟ་བ།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།