སྒོར་དུང་ཕྱུར3བཏང་ནས་བླ་བྲང་བཀྲ་ཤིས་འཁྱིལ་ལ་ཞིག་གསོ་རྒྱ་ཆེན་པོ་བྱེད་རྒྱུ་རེད།
བགྲང་བྱ་སུམ་བརྒྱ་རིང་གི་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་བརྒྱུད་པའི་བླ་བྲང་བཀྲ་ཤིས་འཁྱིལ་ལ་རིག་དངོས་སྲུང་སྐྱོབ་ཞིག་གསོ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་རྒྱུ་རེད། ཀན་ལྷོ་ཁུལ་བསང་ཆུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་ཐེངས་འདིའི་བཟོ་གྲྭར་སྒོར་དུང་ཕྱུར3ལྷག་གཏོང་རྒྱུ་ཡིན་པ་དང་། ལོ་སྨད་ནས་འགོ་བརྩམས་ཏེ་ལོ་ལྔའི་རིང་དུ་ལེགས་འགྲུབ་འབྱུང་རྒྱུའི་འཆར་གཞི་ཡོད་པ་རེད།
བླ་བྲང་བཀྲ་ཤིས་འཁྱིལ་ནི་སྤྱི་ལོ1709ལོར་འཇམ་དབྱངས་སྐུ་ཕྲེང་དང་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ལགས་ཀྱིས་བཞེངས་པ་ཡིན་ཞིང་། ལོ་ངོ་སུམ་བརྒྱའི་རིང་དུ་ཐོས་བསམ་གླིང་དང་། རྒྱུད་སྟོད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། ཀྱཻ་རྡོར་གྲྭ་ཚང་། རྒྱུད་སྨད་པ་གྲྭ་ཚང་བཅས་གྲྭ་ཚང་དྲུག་ལ་ཞིག་གསོ་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་ཞིག་གསོ་ལ་གཙོ་བོ་རིག་དངོས་སྲུང་སྐྱོབ་དང་། དགོན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དགོན་པའི་རིག་དངོས་འགྲེམ་སྟོན་དང་གནས་སྐོར་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཁག་གསུམ་ནས་བཟུང་སྟེ་ཞིག་གསོ་བྱེད་རྒྱུ་ཡིན་ཞིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར3ཡས་མས་གཏོང་རྒྱུ་རེད།
འཆར་བཀོད་ལྟར་ན་ཞིག་གསོ་སྲུང་སྐྱོབ་ལ་བདག་སྐྱོང་སྲུང་སྐྱོང་ལས་གྲྭ་དང་ཉམས་གསོའི་ལས་གྲྭ་གཉིས་སུ་བཀར་ནས་མིག་སྔའི་བཟོ་བཀོད་ཉམས་གསོ་དང་སྲ་བརྟན་དུ་གཏོང་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com