ངོས་དང་པོ > སྐབས་དོན། > སྣ་ཚོགས། > བོད་ལྗོངས་ཀྱིས་ཐང་ག་སོགས་རྒྱུན་འཛིན་ལས་གཞི་རིགས30ཁྱབ་བསྒྲགས་བྱས་པ།
བོད་ལྗོངས་ཀྱིས་ཐང་ག་སོགས་རྒྱུན་འཛིན་ལས་གཞི་རིགས30ཁྱབ་བསྒྲགས་བྱས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-03-19 11:29:00
ཀློག་གྲངས།:
བོད་ལྗོངས་རིག་གནས་ཐིན་གྱིས་ཁག་དང་པོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྲིད་སྦྱོང་གཞི་གནས30ཁྱབ་བསྒྲགས་བྱས་ཤིང་། འདི་ནི་བོད་ལྗོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ལས་གཞི་གཙོ་བོ་ཞིག་ཡིན།
བོད་ལྗོངས་ཀྱི་ཁག་དང་པོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྲིད་སྦྱོང་གཞི་གནས་ཁྲོད་བོད་ལྗོངས་གསོ་རིག་སློབ་གླིང་དང་། བོད་ལྗོངས་སློབ་ཆེན། སྟོད་ལུང་བདེ་ཆེན་ཇོ་མོ་ལུང་ཟློས་གར་རུ་ཁག་སོགས་ལས་ཁུངས30ཡོད་ལ། བོད་ཀྱི་གནམ་དཔྱད་སྐར་རྩིས་དང་། བོད་ལྗོངས་བྱང་ལུགས་ཀྱི་དངུལ་ཆུའི་བཙོ་བཀྲུ་བྱེད་ཐབས། ཐང་ག ལྷ་མོའི་ཟློས་གར། བོད་ཤོག ལྷོ་བའི་གྱོན་ཆས་སོགས་མྱུར་དུ་རྒྱུན་འཛིན་བྱེད་དགོས་པའི་ལས་གཞི30ལྷག་འདུས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་སྲིད་གཞུང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་ཆེད་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་བཙུགས་པ་དང་། 《མདོ་དབུས་མཐོ་སྒང་གི་ལྷ་མོའི་ཟློས་གར་ཞིབ་འཇུག་དང་སྲུང་སྐྱོབ》དང《མངའ་རིས་ཤོལ་བྲོ》སོགས་དཔེ་ཚོགས་དང་འོད་སྡེར་མང་དུ་པར་བསྐྲུན་བྱས། དེར་མ་ཟད་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི10ལྷག་རྒྱལ་སྤྱིའི་གཟུགས་འདས་ཤུལ་བཞག་རིག་གནས་དུས་ཆེན་སྟེང་ཞུགས་ནས་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚན་སྙན་ཇེ་རྒྱས་སུ་བཏང་བ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།