ཀན་ལྷོའི་བསང་ཆུར་རྟ་རྒྱུག་འགྲན་ཚོགས་བསྡུས་པ།
འགྲན་ཞུགས་པ་རྣམས་ཀྱིས་སྔ་བ་སྔོན་མ་བརྩད་ནས་རྒྱུག་བཞིན་པ།
སྐོར་བ་ཐེངས་བཞི་བ་བརྒྱག་པའི་བརྡ་གཏོང་བ།
ཟླ3པའི་ཚེས15ཉིན། ཀན་ལྷོའི་བསང་ཆུ་རྫོང་འབོ་ར་ཡུལ་ཚོའི་སྒྲོག་གསུམ་འགབ་མ་སྡེ་བར་རྟ་རྒྱུག་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ་བ་དང་། འབོ་ར་ཡུལ་ཚོའི་སྡེ་བ20ལྷག་ནས་ཡོང་བའི་བོད་རིགས་མང་ཚོགས་རྣམས་སྡེ་བ་དེར་འདུས་ཏེ་ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་ལ་ཞུགས་པ་རེད།
ཉེ་བའི་ལོ་ནང་ཀན་ལྷོའི་བོད་ཁུལ་དུ་རྟ་རྒྱུག་འགྲན་ཚོགས་གཙོར་བྱས་པའི་མང་ཚོགས་ཀྱི་ལུས་རྩལ་བྱ་འགུལ་རབས་དང་རིམ་པ་སྤེལ་བཞིན་ཡོད་ལ། ས་གནས་སྲིད་གཞུང་གིས་ཞང་གྲོང་སོགས་སུ་ལུས་རྩལ་སྦྱོང་བརྡར་གྱི་སྒྲིག་ཆས་གནང་བར་མ་ཟད། བོད་དམངས་རྣམས་སྤྲོ་བ་ཆེ་བའི་ལུས་རྩལ་འགྲན་སྡུར་སྣ་ཚོགས་སྤེལ་ནས་ཁོང་ཚོའི་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཚོགས་པོར་བཏང་བ་རེད།
འགྲན་ཞུགས་པ་རྣམས་ཀྱིས་སྔ་བ་སྔོན་མ་བརྩད་ནས་རྒྱུག་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com