བོད་ལྗོངས་ཀྱིས་འཛམ་གླིང་སྟེང་མཆོག་ཏུ་གྱུར་པའི་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་བསྐྲུན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-12 10:30:00 ཀློག་གྲངས།:

  རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གཉིས”ཀྱི་དུས་སུ་བོད་ལྗོངས་ཀྱིས་འཛམ་གླིང་སྟེང་མཆོག་ཏུ་གྱུར་བའི་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་དང་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་མངོན་པའི་གནས་སྐོར་མཛེས་ལྗོངས་བསྐྲུན་ཏེ་འཛམ་གླིང་གི་གནས་སྐོར་མཛེས་ལྗོངས་སུ་འགྱུར་པར་རྨང་གདིང་བ་རེད། 
  མཚམས་སྦྱོར་བྱས་པ་ལྟར་ན་གནས་སྐོར་ལས་རིགས་ནི་བོད་ལྗོངས་ཀྱི་སྲོག་ཤིང་དུ་གྱུར་པའི་ཁྱད་ལྡན་ལས་རིགས་ཤིག་ཡིན་ཞིང་། ཉེ་བའི་ལོ་ནང་མཚོ་བོད་ལྕགས་ལམ་དང་། ཉིང་ཁྲི་དང་མངའ་རིས་སོགས་སུ་མཁའ་ལམ་བསྐྲུན་པར་བརྟེན་བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་དུས་རབས་གསར་བ་ཞིག་ཏུ་བརྒལ་བ་རེད། “ལོ་ལྔའི་འཆར་གཞི་བཅུ་གཅིག”གི་དུས་སུ་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི2125སྣེ་ལེན་བྱས་པ་དང་ལོ་རེར་ཆ་སྙོམས་ཀྱིས30.6%འཕར་སྣོན་བྱུང་བས་གནས་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར226.2ཐོན་པ་དང་ལོ་རེར་ཆ་སྙོམས་ཀྱིས29.8%འཕར་སྣོན་བྱུང་བ་རེད།
  “ལོ་ལྔའི་འཆར་གཞི་བཅུ་གཉིས”ཀྱི་དུས་སུ་བོད་ལྗོངས་ཀྱིས་གནས་སྐོར་ཐོན་ལས་ཀྱི་ལྡབ་འགྱུར་འཆར་གཞི་ལག་ཏུ་བསྟར་ནས2015ལོའི་ལོ་མཇུག་བར་དུ་གནས་སྐོར་བ་མི་ཐེངས་ཁྲི1500སྣེ་ལེན་བྱེད་པ་དང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར180། གནས་སྐོར་སྤྱིའི་ཡོང་སྒོས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི20%ཟིན་པ། གནས་སྐོར་དཔལ་འབྱོར་ལས་ཞུགས་མི་གྲངས་འབུམ3ལ་སླེབས་པ། གནས་སྐོར་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་སྒོར་དུང་ ཕྱུར250བརྒལ་བར་བརྩོན་རྒྱུ་རེད།
  དེ་བས་བོད་ལྗོངས་ཀྱིས་མང་ཚོགས་ཀྱི་གནས་སྐོར་གོང་སྤེལ་དང་། ཚད་རིམ་མཐོ་ཤོས་ཅན་གྱི་གནས་སྐོར་ཐོན་རྫས་གསར་བསྐྲུན། ཁྱད་འཕགས་གནས་སྐོར་ཤུགས་ཆེར་སྤེལ་ཏེ2015ལོའི་བར་དུ་བོད་ལྗོངས་ཀྱིས་ཐུན་མོང་མ་ཡིན་པའི་གནས་སྐོར་འདྲེན་ཤུགས་ལྡན་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བའི་གནས་སྐོར་མཁོ་འདོད་ཚིམས་པར་བྱེད་ནུས་པའི་འཛམ་གླིང་གི་གནས་སྐོར་མཛེས་ལྗོངས་བསྐྲུན་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།