བོད་ལྗོངས་ཀྱི་དཔེ་རྙིང་རྩིས་བཤེར་སྲུང་སྐྱོབ་ལ་ཕན་འབྲས་མངོན་སུམ་ཐོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-08 08:54:00 ཀློག་གྲངས།:
  ཉེ་བའི་ལོ་ནང་བོད་ལྗོངས་ཀྱི་དཔེ་རྙིང་རྩིས་བཤེར་སྲུང་སྐྱོབ་ཐད་ཕན་འབྲས་མངོན་སུམ་ཐོན་པ་རེད། རྒྱལ་ཁབ་ཀྱི་དཔེ་རྙིང་མིང་ཐོ་རྩ་ཆེན་ཁག་བཞི་བ་དང་རྒྱལ་ཡོངས་ཀྱི་དཔེ་རྙིང་བསྡུ་ཉར་ལས་ཁུངས་གཙོ་བོ་རེ་ཞུ་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་བ་སྟེ། ཁྱོན་བསྡོམས་དཔེ་རྙིང་རྩ་ཆེན225དང་དཔེ་རྙིང་བསྡུ་ཉར་ལས་ཁུངས4རེ་ཞུ་བྱས་པ་རེད།
  བོད་ལྗོངས་འབྲེལ་ཡོད་ལས་ཁུངས་ཀྱིས་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱིས་ཉར་ཚགས་བྱས་པའི་ལོ་རྒྱུས་ཚད་ལྡན་ཡིག་ཆ82ཁག་ལ་ཐོ་འགོད་ལེགས་སྒྲིག་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཉེ་འཁོར་གྱི་དཔེ་རྙིང་བསྡུ་ཉར་ལས་ཁུངས་ཁག་ཅིག་ལ་ཡུལ་དངོས་སུ་ཞིབ་བཤེར་བྱས། མངའ་རིས་ས་ཁུལ་གྱིས་ཁྱོན་ཡོངས་སུ་དཔེ་རྙིང་རྩིས་བཤེར་བྱེད་པའི་བྱ་བ་ཐོག་མར་ལེགས་འགྲུབ་བྱུང་ལ། ཁྱོན་བསྡོམས་ཡིག་ཆ2300ལྷག་ཐོ་འགོད་བྱས་པ་རེད།
  བོད་ལྗོངས་ཀྱིས་མ་དངུལ་སྒོར་འབུམ6ལྷག་བཏང་ནས་དཔེ་རྙིང་རྩ་ཆེན170ལྷག་བསྡུ་ཉར་བྱས་པར་མ་ཟད། རྒྱལ་ཁབ་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ལ་རམ་འདེགས་བྱས་ཏེ་བོད་ཡིག་དཔེ་རྙིང་རྩིས་བཤེར་སྟེགས་བུ་མཉེན་ཆས་གསར་བསྐྲུན་བྱས་པ་དང་། 《བོད་ལྗོངས་དཔེ་རྙིང་རྩ་ཆེན་གྱི་མིང་ཐོ་དང་རིས་ཐོ》པར་བསྐྲུན་བྱེད་པའི་བྱ་བ་མི་འགྱངས་བར་མཇུག་སྒྲིལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།