བོད་ལྗོངས་གནའ་དཔེ་རྩད་ཞིབ་སྲུང་སྐྱོང་བྱ་བར་འཕེལ་རྒྱས་བྱུང་བ།
ཉེ་བའི་ལོ་འགའི་ནང་བོད་རང་སྐྱོང་ལྗོངས་བོད་ལྗོངས་གནའ་དཔེ་རྩད་ཞིབ་སྲུང་སྐྱོང་བྱ་བར་འཕེལ་རྒྱས་བྱུང་ཞིང་། སྐབས་བཞི་བའི་རྒྱལ་ཁབ་གཅེས་ནོར་གནའ་དཔེ་མིང་ཐོ་དང་རྒྱལ་ཡོངས་གནའ་དཔེ་འཚོལ་བསྡུ་ལས་ཁུངས་གཙོ་ཆེ་བའི་ཡར་ཞུ་བྱ་བ་མཇུག་སྒྲིལ་པ་དང་། བསྡོམས་པས་གཅེས་ནོར་གནའ་དཔེ225དང་གནའ་དཔེ་ཉར་ཚགས་ལས་ཁུངས4གོང་རིམ་ལ་ཡར་ཞུ་བྱས།
བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ལྷ་སའི་སྲིད་གྲོས་ཀྱིས་ཉར་ཚགས་བྱས་པའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་དག་ཞིབ་ཚགས་ངང་མིང་ཐོར་བཀོད་པ་དང་། གྲོང་ཁྱེར་མཁར་འགྲམ་གྱི་གནའ་དཔེ་ཉར་ཚགས་ལས་ཁུངས་འགའ་ལ་ཕྱོགས་ཡོངས་ནས་ཡུལ་དངོས་རྩད་ཞིབ་གནང་། མངའ་རིས་ས་ཁུལ་གྱིས་ས་ཁུལ་ཡོངས་ཀྱི་གནའ་དཔེ་རྩད་ཞིབ་བྱ་བ་མཇུག་སྒྲིལ་པ་དང་བསྡོམས་པས2300ལྷག་ཐོ་འགོད་བྱས།
བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི60ལྷག་བཏང་སྟེ་གཅེས་ནོར་གནའ་དཔེ170ལྷག་འཚོལ་བསྡུ་བྱས་ཤིང་། རྒྱལ་ཁབ་ཀྱི་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ལ་རོགས་འདེགས་སྒོས་བོད་ཡིག་གནའ་དཔེ་རྩད་ཞིབ་སྟེགས་བུའི་མཉེན་ཆས་བསྐྲུན་པ་དང་། 《བོད་ལྗོངས་གཅེས་ནོར་གནའ་དཔེ་མིང་ཐོའི་པར་ཐོ》ཞེས་པའི་པར་སྐྲུན་བྱ་བའང་མཇུག་སྒྲིལ་ལ་ཉེ་བར་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com