ལྷ་སའི་དེང་རབས་ཅན་གྱི་བྱིས་པའི་དགའ་ཚལ་ཐོག་མ་སང་ལོར་ལེགས་འགྲུབ་འབྱུང་ངེས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-06 11:48:00 ཀློག་གྲངས།:

  རྒྱུས་ལོན་བྱུང་བ་ལྟར་ན་ལྷ་སའི་དེང་རབས་ཅན་གྱི་བྱིས་པའི་དགའ་ཚལ་ཐོག་མ་སྟེ་བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་གྱི་ཇུས་འགོད་འཆར་གཞི་མིག་སྔར་བསྒྲིགས་ཚར་ཞིང་། ད་ལོར་འཛུགས་སྐྲུན་བྱེད་འགོ་བརྩམས་ནས་སང་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་སྔོན་དུ་ལེགས་འགྲུབ་འབྱུང་རྒྱུ་རེད།
  འབྲེལ་ཡོད་ཀྱི་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན་བདེ་སྐྱིད་ནོར་བུ་དགའ་ཚལ་འཛུགས་སྐྲུན་བྱས་ཚར་ན་ལྷ་སར་དེང་རབས་ཅན་གྱི་བྱིས་པའི་དགའ་ཚལ་ཆེ་ཤོས་མེད་པའི་སྟོངས་ཆ་བསྐང་ཐུབ་པར་མ་ཟད། ན་ཆུང་བྱིས་པ་རྣམས་ཀྱི་བར་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་བཏང་སྟེ་ཁོང་ཚོར་འཐུས་ཚང་དང་སྔོན་ཐོན་གྱི་རྩེད་འཇོའི་དགའ་ཚལ་ཞིག་བསྐྲུན་པ་དང་མཉམ་དུ། ལྷ་སའི་སྤྲོ་རྩེད་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོར་བཏང་། བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་བསྐྲུན་པར་མ་དངུལ་སྒོར་ཁྲི7500བཏང་ལ། མིག་སྔར་ཇུས་འགོད་འཆར་གཞི་ལེགས་འགྲུབ་བྱུང་ནས་ཞིབ་བཤེར་བྱེད་གྲབས་ཡོད་པ་རེད།
  བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་དེ་ལྷ་སའི་མེ་འཁོར་ས་ཚུགས་ཀྱི་ཁ་གཏད་དུ་བསྐྲུན་འཆར་ཡོད་ཅིང་། མཁར་སྐྱོད་འཁོར་ལོ་དང་། སྐྱེད་མོས་ཚལ། སྒྱུ་མའི་གྲོང་། སྦྱོང་བརྡར་ས་ཚུགས། དུང་དཀར་གླིང་སོགས་རིགས་དགུ་རུ་འདུས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།