བོད་ལྗོངས་བརྙན་འཕྲིན་དང་རླུང་འཕྲིན་དྲ་རྒྱ་ནས་ལོ་སར་དགོང་ཚོགས་གཏོང་རྒྱུ་ཡིན་པ།
ཁ་སང་གསར་འགོད་པས་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱི་འཁྲབ་སྟོན་ཚོ་ཆུང་ནས་ཤེས་གསལ་ལྟར་ན། འཁྲབ་ཁྲིད་ཚོགས་པས་ཆེས་མཐའ་མཇུག་གི་དག་སྒྲིག་དང་མཉམ་བསྲེས་ལ་སོགས་པའི་སྔོན་འགྲོའི་ལས་ཀ་ཞིབ་ཚགས་ཤིག་བསྒྲུབས་ཚར་བའི་དུས་མཚུངས་སུ2011ལོའི་བོད་ཀྱི་ལོ་སར་གྱི་ཆེས་མཐའ་མཇུག་གི་སྒྲིག་བཟོའི་ལས་ཀ་ཡོངས་སུ་མཇུག་རྫོགས་པ་རེད།
དགོང་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་མགོན་པོས་འདི་སྐད། 2011ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་དེ་སྤྱི་ཟླ3པའི་ཚེས4ཉིན་གྱི་དགོང་མོའི་ཆུ་ཚོད8ཀྱི་སྟེང་དུ་ཀུན་གྱི་མིག་གི་དགའ་སྟོན་དུ་སྤེལ་རྒྱུ་ཡིན་ཞིང་། སྐབས་དེར་བོད་ལྗོངས་བརྙན་འཕྲིན་ཁང་གི་བོད་རྒྱ་འཁོར་སྐར་འཕྲིན་ལམ་དང་གློག་བརྙན་བརྙན་འཕྲིན་རིག་གནས་འཕྲིན་ལམ། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཤིན་ཧྭ་དྲ་བ་བཅས་ཀྱི་སྟེང་དུ་དུས་གཅིག་ཏུ་གཏོང་རྒྱུ་ཡིན་པས། རྒྱ་ཆེའི་ལྟ་མཁན་རྣམས་ཀྱིས་རང་རང་གི་གནས་ཚུལ་ལ་གཞིགས་ནས་གང་བདེ་གང་འདོད་ལྟར་བོད་ཀྱི་ལོ་གསར་དགོང་ཚོགས་ལ་བལྟས་ཆོག་ཟེར།
དགོང་ཚོགས་སུ་བོད་ཀྱི་གླུ་མ་གྲགས་ཅན་དབང་མོ་དང་། བསམ་ཁོ། ཚེ་རིང་བསམ་འགྲུབ། ཀྲང་ཡན་ཡན། ཡན་ཏང་ཏང་། པ་སངས། བསྟན་འཛིན། བདེ་སྐྱིད་མེ་ཏོག ཚེ་བརྟན་སྒྲོལ་མ་སོགས་ལྗོངས་ཕྱི་ནང་གི་གླུ་བ་རྒན་པ། ན་གཞོན་གླུ་བ་བཅས་གར་སྟེགས་སྟེང་དུ་འཛེག་རྒྱུ་ཡིན་པ་མ་ཟད།གཞན་ད་དུང་ཐུབ་བསྟན་དང་མིག་དམར། རྡོ་རྗེ་གྲགས་པ།བསོད་ནམས་རྡོ་རྗེ་ལ་སོགས་པའི་ཁ་ཤགས་བཤད་མཁན་མི་ཉུང་བ་ཞིག་གིས་ཀྱང་གཟིགས་མོ་བ་རྣམས་ལ་ལོ་གསར་གྱི་ལེགས་སྐྱེས་ཁྱད་མཚར་བ་ཞིག་འབུལ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com