བོད་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།
སྤྱི་ཚེས 23ཉིན་གྱི་སྔ་དྲོར་བོད་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་སྐོང་འཚོགས་བྱས་པ་རེད། ཚོགས་འདུའི་ཐོག2010ལོ་དང་ལོ་ལྔ་ཚན་བཅུ་གཅིག་པའི་རིང་གི་བོད་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ལས་དོན་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། ལོ་ལྔ་ཚན་བཅུ་གཉིས་པའི་རིང་དང2011ལོའི་ཞིང་འབྲོག་ལས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
སྐལ་བཟང་ཚེ་རིང་གིས་ལོ་ལྔ་ཚན་བཅུ་གཅིག་པའི་རིང་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་བསྒྱུར་བཅོས་གཏིང་ཟབ་བྱས་པ་དང་། ཞིང་འབྲོག་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཏན་ཏིག་བཏང་བས། ཞིང་འབྲོག་ལས་དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད་ཅེས་ དང་། ལོ་ལྔ་ཚན་བཅུ་གཉིས་པའི་རིང་ས་ཁུལ་ཁག་དང་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ཚན་པ་ཁག་གིས་ངེས་པར་དུ་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བཀོད་སྒྲིག་ལྟར་འབབ་འཕར་ལས་དོན་སྔར་བས་ལེགས་པ་སྒྲུབ་ཐོག ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཟུངས་ནུས་འཛུགས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ལས་དོན་སྔར་བས་ལེགས་པོ་སྒྲུབ་པ། ཞིང་ཕྱུགས་ཐོན་རྫས་མཁོ་འདོན་ནུས་ལྡན་ཐུབ་པ་བྱེད་པ་དང་སྒྲིག་གཞི་ལེགས་སྒྲིག་ལས་དོན་སྔར་བས་ལེགས་པོ་སྒྲུབ་ནས་ཞིང་འབྲོག་ལས་དཔལ་འབྱོར་གྱི་སྤྱི་ཡོངས་ཕན་ནུས་མཐོ་རུ་གཏོང་བ་དང་། གཞི་རིམ་འཛུགས་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ལས་དཔལ་འབྱོར་གོང་འཕེལ་འགྲོ་བའི་རྒྱབ་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྱི་སྣེ་ཁྲིད་ལས་དོན་སྔར་བས་ལེགས་པོ་སྒྲུབ་ནས་ཞིང་འབྲོག་ལས་དཔལ་འབྱོར་ཆུ་ཚད་ཐོག་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་ལས་དོན་སྔར་བས་ལེགས་པོ་སྒྲུབ་ནས་ཞིང་འབྲོག་ལས་དཔལ་འབྱོར་རྒྱུན་སྲིང་གོང་འཕེལ་འགྲོ་བའི་ནུས་པ་ཆེ་རུ་གཏོང་བ། འགན་སེམས་སྔར་བས་ཆེ་རུ་བཏང་ནས་ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། ལོ་ལྔ་ཚན་བཅུ་གཉིས་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་རྒྱུ་འགན་སྲུང་བྱེད་པ་མ་ཟད། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་ཧུར་ཐག་བཏོད་དེ། བོད་ལྗོངས་ཀྱི་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་ཚན་རིག་དང་མཐུན་པའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་སྤེལ་བཏང་ནས། མཆོངས་བསྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com