བོད་ཀྱི་སྒྲུང་པ་གྲགས་ཅན་བསམ་འགྲུབ་ལགས་སྐུ་གཤེགས་པ།
བོད་ཀྱི་སྒྲུང་པ་གྲགས་ཅན་བསམ་འགྲུབ་ལགས
བོད་ཀྱི་སྒྲུང་མཁན་སྐད་གྲགས་ཅན། རྒྱལ་ཁབ་དངོས་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་རྒྱུན་འཛིན་པ་བསམ་འགྲུབ་མཆོག་སྤྱི་ཟླ2པའི་ཚེས16ཉིན་ཁོང་གི་བཞུགས་གནས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་དུ་སྙུང་གཞི་དྲག་བསྐྱེད་མ་བྱུང་བར་སྐུ་གཤེགས་པ་དང་། དགུང་ལོ90 ལ་ཕེབས་འདུག ཁོང1984ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་གདན་འདྲེན་ཞུས་པ་ནས་སྔ་ཕྱིར་གླིང་གེ་སར་རྒྱལ་པོའི་སྒྲུང་རྫོང་ཁག45བཤད་དེ་ཆ་ཚང་སྒྲ་ཕབ་བྱས་ཡོད་པ་དང་། དེ་དག་ལས་མང་ཤོས་ཤིག་པར་སྐྲུན་འགྲེམ་སྤེལ་ཐུབ་པ་བྱུང་ཡོད།
སྤྱི་ཚེས18ཉིན་གྱི་ཞོགས་པར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མེང་ཏི་ལི་དང་། ཀྲུའུ་ཞི་གཞོན་པ་དང་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་པད་མ་རྣམ་རྒྱལ་གཉིས་ཆེད་དུ་ཕེབས་ཏེ་སྒྲུང་མཁན་བསམ་འགྲུབ་ལགས་ཀྱི་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོའི་འཚམས་འདྲི་གནང་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com