མཚོ་སྔོན་གྱིས་མི་རིགས་ཀྱི་དམངས་ཁྲོད་བཟོ་བཀོད་མཛེས་རྩལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། དུས་ཚོད།:2011-02-24 09:56:00 ཀློག་གྲངས།:

           མཚོ་སྔོན་ཞིང་ཆེན་གྱིས་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ད་ཕན་ལོ་ཤས་རིང་མི་རིགས་ཀྱི་དམངས་ཁྲོད་བཟོ་བཀོད་མཛེས་རྩལ་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཐང་ཁ་དང་།  ཁུ་ནུའི་གཡང་ཊི།    བོད་རུམ།  མི་རིགས་ཀྱི་ཚེམ་དྲུབ།  རྡོ་བརྐོས་སོགས་སྲོལ་རྒྱུན་བཟོ་བཀོད་མཛེས་རྩལ་གྱིས་མཚོན་པའི་མི་རིགས་ཀྱི་དམངས་ཁྲོད་བཟོ་བཀོད་མཛེས་རྩལ་དེ་ཐོན་ལས་གསར་པར་འགྱུར་ཡོད་པ་རེད།    མཚོ་སྔོན་ཞིང་ཆེན་གྱི་བཟོ་བཀོད་མཛེས་རྩལ་ཐོན་ལས་གྱི་ཐོན་རྫས་རིན་ཐང་དེ2003ལོའི་སྒོར་དུང་ཕྱུར2ནས2010ལོར་སྒོར་དུང་ཕྱུར14བར་འཕར་བས་ལོ7ནང་ལྡབ7འཕར་བ་དང་ལས་ཀ་བྱེད་མཁན་མི་ཁྲི4ཙམ་མང་དུ་ཕྱིན་ཡོད་པ་རེད།  
           མཚོ་སྔོན་གྱི་སྲོལ་རྒྱུན་བཟོ་བཀོད་མཛེས་རྩལ་ལ་རིགས20དང་སྣ་ཁ8000ལྷག་ཙམ་ཡོད་པའི་ཐོག་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་མང་བར་བརྟེན་བཟོ་བཀོད་མཛེས་རྩལ་ལས་རིགས་ལ་འཕེལ་རྒྱས་ཀྱི་རྨང་གཞི་དང་ཁྲོམ་རའི་གྲུབ་ཆ་ལེགས་པས་ལས་སྣོན་ཐོན་སྐྱེད་དང་སྒྱུ་རྩལ་ཐོན་རྫས་དང་བཟོ་རྩལ་ཐོན་རྫས་སིལ་འཚོང་དང་སྡེབ་འཚོང་བྱེད་པའི་དམངས་གཉེར་ཁེ་ལས་ཁག་གཅིག་ཡོད་པ་རེད།  མཚོ་སྔོན་ཞིང་ཆེན་གྱིས་སྟེགས་བུ་སྐྲུན་པ་དང་།  འགྲེམས་ཚོགས་ནང་ཞུགས་རྒྱུ་སྒྲིག་འཛུགས།    མཐུན་ཚོགས་འཛུགས་པ།    རྩལ་ནུས་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་མི་རིགས་ཀྱི་དམངས་ཁྲོད་བཟོ་བཀོད་མཛེས་རྩལ་ཐོན་ལས་དེ་གཙོ་གནད་ཐོན་ལས་ལ་བརྩིས་ཏེ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 
            2003ལོ་ནས་བཟུང་མཚོ་སྔོན་གྱིས་མཚོ་སྔོན་མི་རིགས་ཀྱི་དམངས་ཁྲོད་བཟོ་བཀོད་མཛེས་རྩལ་ཐོན་རྫས་འགྲེམས་སྟོན་སྐབས8བསྟུད་མར་གཉེར་ཏེ་ལས་རིགས་ཁེ་ལས་དང་།  ཚན་པ།   སྒེར་གཉེར་གཉེར་སྐྱོང་པ་བཅས་ལ་ཐོན་རྫས་འགྲེམས་ཚོགས་དང་།  ཆ་འཕྲིན་སྤེལ་རེས།  རྣམ་གྲངས་ངོ་འཕྲད་གྲོས་མོལ་བཅས་ཀྱི་སྟེགས་བུ་ཞིག་བསྐྲུན་ཞིང་ །  མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཁུ་ནུའི་གཡང་ཊི་དང་ཐང་ཁ་སོགས་སྤུས་རྟགས་ཀྱི་ནུས་པ་ངེས་ཅན་ལྡན་པ་ དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་ཙམ་ལྡན་པའི་ཁྱད་ལྡན་བཟོ་རྩལ་ཐོན་རྫས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་པ་དང་ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་བྱས་ཏེ་གཙོ་སྣེའི་ཐོན་ཟོག་ ཐོན་སྐྱེད་དང་གཉེར་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།    “ཕྱིར་བསྐྱོད་པའི”འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད་བཟོ་བཀོད་མཛེས་རྩལ་ལས་རིགས་ཀྱི་ཁེ་ལས་དང་།  ཚན་པ།  གཉེར་སྐྱོང་པ་བཅས“ཀྲུང་གོའི་ནུབ་རྒྱུད་རིག་གནས་ཐོན་ལས་ཀྱི་དངོས་མང་སྟོན་ཚོགས”དང་།  “ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་སྟོན་ཚོགས་སྐབས་དང་པོ”སོགས་རིག་གནས་འགྲེམས་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་པ་དང2005ལོ་ཚུན་འགྲེམས་ཚོགས་ཁག་ནང་ཞུགས་པའི་བྲིན་ཚོང་དང་དངོས་ཟོག་མངག་ཉོའི་དངུལ་འབོར་དེ་སྒོར་ཁྲི་ཆིག་སྟོང་ལས་བརྒལ་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།